9495

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan མཛའ་ན་མོ་བཅུ།
Tibetan Alternate
Tibetan Definition དེ་ཡང་། འདུལ་བ་རྣམ་པར་འབྱེད་པ་ལས་བྱུང་བ་སྟེ།

1. མས་བསྲུངས་པ་ནི། བུད་མེད་དམ་གཞོན་ནུ་མ་གང་གི་ཁྱིམ་ཐབ་ཤི་ཞིང་དུས་ལ་བབ་པར་གྱུར་ཏམ། རྒྱལ་པོས་བཅིངས་སམ་བསད་དམ། རྒྱལ་པོའི་འཇིགས་པས་ཡུལ་འཁོར་གཞན་དང་གཞན་དུ་བྲོས་པར་གྱུར་ཏམ། སྨྱོས་པ་དང་སེམས་འཁྲུགས་པ་དང་ཚོར་བ་དག་གིས་ཉེན་པར་གྱུར་ནས། དེའི་མའི་གན་ན་གནས་ཤིང་མས་དེ་འདི་ལ་གཞན་དག་འདོད་པ་དག་གི་ཕྱིར་སྤྱོད་པར་མ་གྱུར་ཅིག་ཅེས་བསྲུངས་པ། སྦས་པ་ཤིན་ཏུ་སྦས་པ་དེ་ནི་མས་བསྲུངས་པའི་མཛའ་ན་མོ་ཞེས་བྱའོ། ། 2. ཕས་བསྲུངས་པ་ནི། བུད་མེད་གཞོན་ནུ་མ་གང་གི་ཁྱིམ་ཐབ་ཤི་བ་ལ་སོགས་པ་གོང་ལྟར་གྱི་ཕའི་གན་ན་གནས་པ་དེ་ལ་བསྲུངས་པ་དང་སྦས་པ་ལ་སོགས་པ་གོང་ལྟར་ནི་ཕས་བསྲུངས་པའི་མཛའ་ན་མོ་ཞེས་བྱའོ། ། 3. མིང་པོས་བསྲུངས་པ་ནི། གོང་ལྟར་གྱི་མིང་པོས་བསྲུངས་ཤིང་སྦས་པ་དེ་ནི་མིང་པོས་བསྲུངས་པའི་མཛའ་ན་མོ་ཞེས་བྱའོ། ། 4. ཕུ་ནུ་མོས་བསྲུངས་པ་ནི། གོང་ལྟར་གྱི་ཕུ་ནུ་མོས་བསྲུངས་ཤིང་སྦས་པ་ནི་ཕུ་ནུ་མོས་བསྲུངས་པའི་མཛའ་ན་མོ་ཞེས་བྱའོ། ། 5. སྒྱུག་མོས་བསྲུངས་པ་ནི། གོང་ལྟར་སྒྱུག་མོའི་གོན་ན་གནས་ཤིང་སྒྱུག་མོས་དེ་ལ་འདི་སྐད་ཅེས་ཁོ་མོའི་བུ་མཐོང་བ་གང་ཡིན་ལ། ཁྱོད་མཐོང་བ་གང་ཡིན་པ་དེ་ཡང་ཁོ་མོའི་བུ་མཐོང་བ་ཡིན་པས་ཁོ་མོའི་ཟས་དང་། གོས་ཀྱིས་མནའ་མ་གནས་པར་གྱིས་ཤིག མནའ་མ་དགའ་བར་གྱིས་ཤིག་ཅེས་སྨྲས་ནས་སྒྱུག་མོས་དེ་འདི་ལ་གཞན་དག་འདོད་པ་དག་གི་ཕྱིར་སྤྱོད་པར་མ་གྱུར་ཅིག་ཅེས་བསྲུངས་པ་དང་སྦས་པ་དེ་ནི་སྒྱུག་མོས་བསྲུངས་པའི་མཛའ་ན་མོ་ཞེས་བྱའོ། ། 6. གྱོས་པོས་བསྲུངས་པ་ནི། སྒྱུག་མོས་བསྲུངས་པ་ཇི་ལྟ་བ་བཞིན་དུ་གྱོས་པོས་བསྲུངས་པ་དེ་ནི་གྱོས་པོས་བསྲུངས་པའི་མཛའ་ན་མོ་ཞེས་བྱའོ། ། 7. ཉེ་དུས་བསྲུངས་པ་ནི། ཉེ་དུ་ཞེས་བྱ་བ་ནི་ཁྱིམ་བདུན་པ་ཚུན་ཆད་ལས་བརྟེན་པ་ནི་ཉེ་དུ་ཡིན་ལ་དེ་ཕན་ཆད་ནི་ཉེ་དུ་མ་ཡིན་ཏེ། བུད་མེད་དམ་གཞོན་ནུ་མ་གང་གི་ཕ་མ་དང་ཁྱིམ་ཐབ་ཤི་ཞིང་དུས་ལ་བབ་པར་གྱུར་ཏམ། རྒྱལ་པོས་བཅིངས་སམ་བསད་དམ་རྒྱལ་པོའི་འཇིགས་པས་ཡུལ་འཁོར་གཞན་དང་ཡུལ་གཞན་དུ་བྲོས་པར་གྱུར་ཏམ། སྨྱོས་པ་དང་སེམས་འཁྲུགས་པ་དང་ཚོར་བ་དག་གིས་ཉེན་པར་གྱུར་ནས། དེ་ཉེ་དུའི་གན་ན་གནས་ཤིང་ཉེ་དུས་དེ་འདི་ལ་གཞན་དག་འདོད་པ་དག་གི་ཕྱིར་སྤྱོད་པར་མ་གྱུར་ཅིག་ཅེས་བསྲུངས་པ་ཤིན་ཏུ་བསྲུངས་པ། སྦས་པ་ཤིན་ཏུ་སྦས་པ་དེ་ནི་ཉེ་དུས་བསྲུངས་པའི་མཛའ་ན་མོ་ཞེས་བྱའོ། ། 8. རིགས་ཀྱིས་བསྲུངས་པ་ནི། རིགས་ཞེས་བྱ་བ་བྲམ་ཟེ་དང་། རྒྱལ་རིགས་དང་། རྗེའུ་རིགས་དང་། དམངས་རིགས་ཏེ། བུད་མེད་དམ་གཞོན་ནུ་མ་གང་གི་ཕ་མ་དང་ཁྱིམ་ཐབ་ཤི་བ་ལ་སོགས་པ་གོང་ལྟར་གྱི་དེ་རིགས་གཅིག་པའི་གན་ན་གནས་ཤིང་བསྲུངས་པ་དེ་ནི་རིགས་ཀྱིས་བསྲུངས་པའི་མཛའ་ན་མོ་ཞེས་བྱའོ། ། 9. རུས་ཆགས་ཀྱིས་བསྲུངས་པ་ནི། རུས་ཞེས་བྱ་བ་ནི་ཀུད་སའི་རིགས་དང་། པད་སའི་རིགས་དང་། ཤན་དི་ལིའི་རིགས་དང་། བྷ་དྭ་ཛའི་རིགས་དང་། ལྔ་པའི་རིགས་དང་། ཉེ་ལྔའི་རིགས་དང་། གོ་ཏ་མའི་རིགས་ཏེ་བུད་མེད་དམ་གཞོན་ནུ་མ་གང་གི་ཕ་མ་དང་ཁྱིམ་ཐབ་ཤི་ཞིང་དུས་ལ་བབ་པར་གྱུར་ཏམ། རྒྱལ་པོས་བཅིངས་སམ་བསད་དམ། རྒྱལ་པོའི་འཇིགས་པས་ཡུལ་འཁོར་གཞན་དང་གཞན་དུ་བྲོས་པར་གྱུར་ཏམ། སྨྱོས་པ་དང་སེམས་འཁྲུགས་པ་དང་ཚོར་བ་དག་གིས་ཉེན་པར་གྱུར་ནས། དེ་རུས་ཆགས་ཀྱི་གན་ན་གནས་ཤིང་རུས་ཆགས་ཀྱིས་དེ་འདི་ལ་གཞན་དག་འདོད་པ་དག་གི་ཕྱིར་སྤྱོད་པར་མ་གྱུར་ཅིག་ཅེས་བསྲུངས་པ་ཤིན་ཏུ་བསྲུངས་པ། ཤིན་ཏུ་སྦས་པ་དེ་ནི་རུས་ཆགས་ཀྱིས་བསྲུངས་པའི་མཛའ་ན་མོ་ཞེས་བྱའོ། ། 10 .རྣམ་པར་འཁྲུག་པ་མེད་པའི་མཛའ་ན་མོ་ནི། དགེ་སློང་མ་དང་སྤྱོད་པ་ཅན་མོ་དང་། ཀུན་ཏུ་རྒྱུའི་མོ་དང་ཁྱིམ་ཐབ་ཀྱི་མལ་གྱི་རྗེས་སུ་འཇུག་པ་དང་། ཆོས་བཞིན་སྤྱོད་པ་དེ་ནི་རྣམ་པར་འཁྲུག་པ་མེད་པའི་མཛའ་ན་མོ་ཞེས་བྱའོ། །

Tibetan Source 《འདུལ་པ་ཅ་པ་》327ན་4ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number