9500

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan བརྫུན་དུ་སྨྲ་བའི་ཉེས་དམིགས་བཅུ།
Tibetan Alternate
Tibetan Definition དེ་ཡང་། འཕགས་པ་དགའ་བ་ཅན་གྱི་མདོ་ལས་བྱུང་བ་སྟེ།

1. དེ་ནི་ཁ་ནས་རྣག་མནམ་པར་འགྱུར་བ། 2. དེའི་ལུས་སྲུང་བའི་ལྷས་འཕང་བ། 3. མི་མ་ཡིན་པས་གླགས་རྙེད་པར་འགྱུར་བ། 4. བདེན་པར་སྨྲས་ཀྱང་དེའི་ཚིག་ལ་མ་དད་པར་འགྱུར་བ། 5. དགོས་པ་བྱུང་ཡང་མཁས་པ་རྣམས་ཡོངས་སུ་འདྲི་བར་མི་སེམས་པ། 6. ཡང་དག་པ་མ་ཡིན་པའི་མི་སྙན་པ་རྒྱ་ཆེར་སྒྲོགས་པར་འགྱུར་བ། 7. ཕྱིར་ལྡང་བའི་འོས་མ་ཡིན་པར་འགྱུར་བ། 8. སྡུག་བསྔལ་ཞིང་ཡིད་མི་བདེ་བར་འགྱུར་བ། 9. མི་སྙན་པ་བརྗོད་པ་མང་བར་འགྱུར་བའི་ལས་བྱས་ཤིང་བསགས་པས་ལུས་ཞིག་སྟེ་ཤི་ནས་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་དག་ཏུ་སྐྱེ་བ། 10 .གལ་ཏེ་ཤི་འཕོས་ཏེ་འདིར་མི་རྣམས་དང་བསྐལ་པ་མཉམ་པར་སྐྱེས་ནའང་དེ་གང་དང་གང་དུ་སྐྱེས་པ་དེ་དང་། དེར་མི་སྙན་པ་བརྗོད་པ་མང་པོར་འགྱུར་རོ། །

Tibetan Source 《མདོ་ལ་པ་》ཤ་411བ་2ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number