9532
Tibetan | གཟུངས་ཀྱི་རྒྱན་གཅིག་ཚན་ནས་བཅུ་ཚན་བར་ཚན་པ་བཅུ། |
---|---|
Tibetan Alternate | |
Tibetan Definition | དེ་ཡང་། འཕགས་པ་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་ངེས་པར་བསྟན་པའི་མདོ་ལས་བྱུང་བ་སྟེ།
1. བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཟུངས་ཀྱི་རྒྱན་གཅིག་ནི། དྲན་པ་བརྗེད་པ་མེད་པའོ། ། 2. བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཟུངས་ཀྱི་རྒྱན་གཉིས་ཏེ། (1)ཀུན་ཏུ་འཛིན་པ། (2)འཛིན་པའོ། ། 3. བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཟུངས་ཀྱི་རྒྱན་གསུམ་སྟེ། (1)དོན་ལ་མཁས་པ། (2)ཚིག་འབྲུ་ལ་མཁས་པ། (3)ངེས་པའི་ཚིག་ལ་མཁས་པའོ། ། 4. བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཟུངས་ཀྱི་རྒྱན་བཞི་སྟེ། (1)ཆགས་པ་མེད་པའི་ཚིག (2)རྩུབ་པ་མ་ཡིན་པའི་ཚིག (3)རབ་ཏུ་གྲོལ་བའི་ཚིག (4)རྫུན་པ་མེད་པའི་ཚིག་གོ ། 5. བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཟུངས་ཀྱི་རྒྱན་ལྔ་སྟེ། (1)ཐོས་པ་ཐམས་ཅད་ཀྱི་ནང་ནས་དོན་ལ་རྟོན་པ། (2)ཡི་གེའི་ཚོགས་ཐམས་ཅད་ཀྱི་ནང་ནས་ཡེ་ཤེས་ལ་རྟོན་པོ། (3)མདོ་སྡེ་ཐམས་ཅད་ནང་ནས་ངེས་པའི་དོན་གྱི་མདོ་སྡེ་ལ་རྟོན་པ། (4)གང་ཟག་གི་སྒྲ་ཐམས་ཅད་ཀྱི་ནང་ནས་ཆོས་ཉིད་ལ་རྟོན་པ། (5)འཇིག་རྟེན་ཐམས་ཅད་ལས་འཇིག་རྟེན་ལས་འདས་པ་ལ་རྟོན་པའོ། ། 6. བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཟུངས་ཀྱི་རྒྱན་དྲུག་སྟེ། (1)ཇི་སྐད་སྨྲས་པ་དེ་བཞིན་དུ་བྱེད་པ། (2)བདེན་པའི་རྗེས་སུ་མཐུན་པའི་ཚིག་རབ་ཏུ་ཐོབ་པ། (3)ང་རྒྱལ་མེད་པས་གཟུང་བར་འོས་པའི་ཚིག་དང་། གཡོ་མེད་པས་བླང་བར་འོས་པའི་ཚིག (4)སྙིང་རྗེ་ཆེན་པོ་ལ་སྦྱོར་བས་འབྲས་བུ་ཡོད་པའི་ཆོས་སྟོན་པ། (5)སྣོད་ལ་མཁས་པས་ཕྱེད་པར་ཆོས་སྟོན་པ། (6)འཇིག་རྟེན་ཤེས་པས་དུས་སུ་སྟོན་པའོ། ། 7. བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཟུངས་ཀྱི་རྒྱན་བདུན་ཏེ། (1)མགྱོགས་པའི་སྤོབས་པ། (2)ཤུགས་ཅན་གྱི་སྤོབས་པ། (3)མྱུར་བའི་སྤོབས་པ། (4)ཆགས་པ་མེད་པའི་སྤོབས་པ། (5)རྒྱུན་ཆད་པ་མེད་པའི་སྤོབས་པ། (6)འཁྲུལ་པ་མེད་པའི་སྤོབས་པ། (7)ཤིན་ཏུ་ངེས་པའི་ཚིག་གི་སྤོབས་པའོ། ། 8. བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཟུངས་ཀྱི་རྒྱན་བརྒྱད་དེ། ། (1)ལྷའི་སྐད་ཤེས་པ། (2)ཀླུའི་སྐད་ཤེས་པ། (3)གནོད་སྦྱིན་གྱི་སྐད་ཤེས་པ། (4)དྲི་ཟའི་སྐད་ཤེས་པ། (5)ལྷ་མ་ཡིན་གྱི་སྐད་ཤེས་པ། (6)ནམ་མཁའ་ལྡིང་གི་སྐད་ཤེས་པ། (7)མིའམ་ཅིའི་སྐད་ཤེས་པ། (8)ལྟོ་འཕྱེ་ཆེན་པོའི་བར་གྱི་སྐད་ཤེས་པ་ནས་སེམས་ཅན་ཐམས་ཅད་ཀྱི་བར་གྱི་སྐད་ཤེས་པའོ། ། 9. བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཟུངས་ཀྱི་རྒྱན་དགུ་སྟེ། (1)འཁོར་གྱི་ནང་དུ་སྤ་གོང་བ་མེད་པ། (2)སྨྲ་བའི་ནང་དུ་ཞུམ་པ་མེད་པ། (3)ཆོས་བཤད་པའི་ནང་དུ་འཇིགས་པ་མེད་པ། (4)འདྲི་བ་རྣམས་ལ་ངེས་པར་འབྱུང་བ་ཤེས་པ། (5)མངོན་པའི་ང་རྒྱལ་ཅན་རྣམས་ལ་སྣྲེལ་ཞི་བསྟན་པ་ཤེས་པ། (6)ཡང་དག་པར་ཞུགས་པ་རྣམས་ལ་རྗེས་སུ་མཐུན་པ་བསྟན་པ་ཤེས་པ། (7)ཁེངས་པ་རྣམས་ལ་ལག་ན་རྡོ་རྗེ་སྟོན་པ། (8)མངོན་པར་ཆགས་པ་རྣམས་ལ་སྲེག་པའི་བསྐལ་པ་སྟོན་པ། (9)ཡོངས་སུ་སྨིན་པ་རྣམས་ལ་ཐེག་པའི་རིམ་པ་ཇི་ལྟ་བ་བཞིན་དུ་སྟོན་པའོ། ། 10 .བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཟུངས་ཀྱི་རྒྱན་བཅུ་སྟེ། (1)དོགས་པ་ཐམས་ཅད་ལ་ཐེ་ཚོམ་མེད་པར་སྟོན་པ་ཤེས་པ། (2)བློའི་ཆོས་སྐྱེ་བའི་སྒོ། (3)ཤེས་རབ་ཀྱི་སྣང་བ་གཞན་ལ་ལྷག་མ་མ་ལུས་པ། (4)ཡི་གེ་བསྟན་པ་མི་ཟད་པ། (5)དོན་བསྟན་པ་རྒྱུན་ཆད་པ་མེད་པ། (6)སངས་རྒྱས་ཀྱི་བསྔགས་པ་མཐའ་ཡས་པ་ཡང་དག་པར་རབ་ཏུ་བརྗོད་པ། (7)ཀུན་ནས་ཉོན་མོངས་པའི་སྐྱོན་མུ་མེད་པར་བརྗོད་པ། (8)རྣམ་པར་བྱང་བའི་བསྔགས་པ་ཚད་མེད་པ་སྟོན་པ། (9)དབང་པོ་ཐམས་ཅད་ལ་གཞོལ་བར་འཇུག་པ་ཆགས་པ་མེད་པ། (10)སངས་རྒྱས་ཀྱིས་གནང་བའི་སོ་སོ་ཡང་དག་པར་རིག་པ་ལ་འཇུག་པ་ཤེས་པའོ། ། |
Tibetan Source | 《མདོ་ད་པ་》ཤ་189བ་2ལས་བཏུས། |
Wylie | |
Wylie Definition | |
Wylie Synonym | |
Sanskrit | |
English | |
English Definition | |
English Synonyms | |
Chinese | |
Chinese (Simplified) | |
Chinese (Traditional) | |
Chinese Definition | |
Page Number |