959
Jump to navigation
Jump to search
| Tibetan | དགུན་ཁ་དང་། སོས་ཀ། དབྱར་གསུམ་གྱི་ཉིན་མཚན་གྱི་ཡུད་ཙམ་གྱི་གྲངས་ཚད་གསུམ། |
|---|---|
| Tibetan Alternate | |
| Tibetan Definition | དེ་ཡང་། སྟག་རྣའི་རྟོགས་པ་བརྗོད་པ་ལས་བྱུང་བ་སྟེ།
1.དགུན་གྱི་ཟླ་བ་གཉིས་པའི་ཚེས་བརྒྱད་ལ། རྒྱུ་སྐར་སྣར་མ་ཉིན་མོ་ལ་ཡུད་ཙམ་བཅུ་གཉིས་སུ་འགྱུར་རོ། ། མཚན་མོ་ལ་ཡུད་ཙམ་བཅོ་བརྒྱད་དོ། ། 2.སོས་ཀའི་ཟླ་བ་ཐ་མའི་ཚེས་བརྒྱད་ལ་རྒྱུ་ སྐར་སྣར་མའོ། ། ཉིན་མོ་ལ་ཡུད་ཙམ་བཅོ་བརྒྱད་དོ། ། མཚན་མོ་ལ་ཡུད་ཙམ་བཅུ་གཉིས་སོ། ། 3.དབྱར་གྱི་ཟླ་བ་ཐ་མའི་ཚེས་བརྒྱད་ལ་རྒྱུ་སྐར་ནི་སྣར་མའོ། ། ཉིན་མོ་ལ་ཡུད་ཙམ་བཅུ་བཞིའོ། ། མཚན་མོ་ལ་ནི་ཡུད་ཙམ་བཅུ་དྲུག་གོ ། ། |
| Tibetan Source | 《མདོ་ཨ་པ་》ཤ་398བ་7ལས་བཏུས། |
| Wylie | |
| Wylie Definition | |
| Wylie Synonym | |
| Sanskrit | |
| English | |
| English Definition | |
| English Synonyms | |
| Chinese | |
| Chinese (Simplified) | |
| Chinese (Traditional) | |
| Chinese Definition | |
| Page Number |