9590

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan ཡོངས་སུ་དག་པར་བྱེད་པའི་སྦྱིན་པ་བཅུ།
Tibetan Alternate
Tibetan Definition དེ་ཡང་། དཀོན་བརྩེགས་ལེའུ་དྲུག་པ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་ལེའུ་ལས་བྱུང་བ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡོངས་སུ་དག་པར་བྱེད་པའི་སྦྱིན་པ་བཅུ་སྟེ།

1. བྱང་ཆུབ་སེམས་དཔའ་རྣམས་ལ་མི་མཐུན་པའི་ལོངས་སྤྱོད་ཀྱི་སྦྱིན་པ་མེད། 2. བྱང་ཆུབ་སེམས་དཔའ་རྣམས་ལ་སེམས་ཅན་ལ་གནོད་པའི་སྦྱིན་པ་མེད། 3. བྱང་ཆུབ་སེམས་དཔའ་རྣམས་ལ་འཇིགས་ཤིང་སྐྲག་ནས་སྦྱིན་པ་མེད། 4. བྱང་ཆུབ་སེམས་དཔའ་རྣམས་ལ་ཡོངས་སུ་མ་བཏང་བ་ལ་མགྲོན་དུ་གཉེར་བའི་སྦྱིན་པ་མེད། 5. བྱང་ཆུབ་སེམས་དཔའ་རྣམས་ལ་གདོང་དུ་བལྟ་ཞིང་སྦྱིན་པ་མེད། 6. བྱང་ཆུབ་སེམས་དཔའ་རྣམས་ལ་སེམས་ཅན་ལ་ཐ་དད་པར་སྦྱིན་པ་མེད། 7. བྱང་ཆུབ་སེམས་དཔའ་རྣམས་ལ་མཛའ་བས་སྦྱིན་པ་མེད། 8. བྱང་ཆུབ་སེམས་དཔའ་རྣམས་ལ་སྡང་བས་སྦྱིན་པ་མེད། 9. བྱང་ཆུབ་སེམས་དཔའ་རྣམས་ལ་ཞིང་ཚོལ་ཞིང་སྦྱིན་པ་མེད། 10 .བྱང་ཆུབ་སེམས་དཔའ་རྣམས་ལ་སེམས་ཅན་ཐམས་ཅད་ལ་སྦྱིན་གནས་མ་ཡིན་ཞེས་བརྙེས་ཤིང་སྦྱིན་པ་མེད་པའོ། །

Tibetan Source 《དཀོན་བརྩེགས་ག་པ་》ཤ་152ན་4ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number