9822
Tibetan | གསོ་སྦྱོང་འགོག་པ་ཆོས་བཞིན་མ་ཡིན་པ་བཅུ། |
---|---|
Tibetan Alternate | |
Tibetan Definition | དེ་ཡང་། འདུལ་བ་གཞུང་དམ་པ་ལས་བྱུང་བ་སྟེ།
1. ཕས་ཕམ་པར་གྱུར་པ་མ་ཡིན་པ་ནི། གང་གི་རྣམ་པ་དང་། མཚན་མ་དང་། གང་གི་རྟགས་ཀྱིས་དགེ་སློང་དེ་ཕས་ཕམ་པ་བྱེད་པར་འགྱུར་བ་དེ་ལྟ་བུའི་རྣམ་པ་དང་། མཚན་མ་དང་། རྟགས་ཀྱིས་དགེ་སློང་དེ་ཕས་ཕམ་པའི་ཉེས་པར་མ་མཐོང་ན། དེས་དེ་ལ་གསོ་སྦྱོང་འགོག་པ་ནི། ཆོས་བཞིན་མ་ཡིན་པར་འགོག་སྟེ། དེ་ལྟར་ན། ཕས་ཕམ་པ་མ་ཡིན་པའོ། ། 2. ཕས་ཕམ་པར་གཏམ་དུ་བརྗོད་པ་མ་ཡིན་པ་ནི། དེ་འདི་ལྟར་གཙུག་ལག་ཁང་གི་ནང་ངམ། ཕྱི་རོལ་ཏུ་ཡང་རུང་། དགེ་སློང་མང་པོ་དང་ལྷན་ཅིག་འདུས་ཤིང་འཁོད་ནས་དེ་དག་ཀྱང་དེ་ལས་བྱུང་བའམ། དེའི་རང་བཞིན་ནམ། དེ་ལས་མཐུན་པའི་གཏམ་དུ་བརྗོད་པ་ཡང་མ་ཡིན། དད་པ་ལས་ཐོས་པའང་མེད། དེ་རང་གི་རྣམ་པ་ལ་རྣམ་པར་རྟོག་པ་ལས་བྱུང་བའང་མེད་དེ། དེ་ཐོས་པ་མེད་བཞིན་དུ་གསོ་སྦྱོང་འགོག་པ་ནི། ཆོས་བཞིན་མ་ཡིན་པར་གསོ་སྦྱོང་འགོག་པ་སྟེ། དེ་ལྟ་བུ་ནི། ཕས་ཕམ་པར་གཏམ་དུ་བརྗོད་པ་མ་ཡིན་པའོ། ། 3. བསླབ་པ་ཕུལ་བ་མ་ཡིན་པ་ནི། དགེ་སློང་གིས་གང་གི་རྣམ་པ་དང་། གང་གི་མཚན་མ་དང་། གང་གི་རྟགས་ཀྱིས་བསླབ་པ་ཕུལ་བར་འགྱུར་བ་དེ་ལྟ་བུའི་རྣམ་པ་དང་། མཚན་མ་དང་། རྟགས་ཀྱིས་དགེ་སློང་གིས་མཐོང་བ་མེད་བཞིན་དུ་བསླབ་པ་ཕུལ་བ་ཡིན་ནོ། ། ཞེས་དེས་དེ་མ་མཐོང་བར་གསོ་སྦྱོང་འགོག་ན། ཆོས་བཞིན་དུ་གསོ་སྦྱོང་འགོག་པ་མ་ཡིན་ཏེ། དེ་ལྟར་ན། བསླབ་པ་ཕུལ་བོ་མ་ཡིན་་ནོ། ། 4. བསླབ་པ་ཕུལ་བར་གཏམ་དུ་བརྗོད་པ་མ་ཡིན་པ་ནི། དེ་འདི་ལྟར་གཙུག་ལག་ཁང་གི་ནང་ངམ། ཕྱི་རོལ་ཏུ་ཡང་རུང་། དགེ་སློང་མང་པོ་ལྷན་ཅིག་འདུས་ཤིང་འཁོད་ནས་དེ་དག་ཀྱང་དེ་ལས་བྱུང་བའམ། དེའི་རང་བཞིན་ནམ། མཐུན་པའི་གཏམ་དུ་བརྗོད་པ་ཡང་མ་ཡིན། དད་པ་ལས་ཐོས་པའང་མེད་དེ། རང་གི་རྣམ་པ་ལ་རྣམ་པར་རྟོག་པ་ལས་བྱུང་བའང་མེད་དེ། དེ་ཐོས་པའང་མེད། དོགས་པའང་མེད་བཞིན་དུ་གསོ་སྦྱོང་འགོག་པ་ནི། ཆོས་བཞིན་མ་ཡིན་པར་གསོ་སྦྱོང་འགོག་པ་སྟེ། དེ་ལྟ་བུ་ནི། བསླབ་པ་ཕུལ་བོར་གཏམ་དུ་བརྗོད་པ་མ་ཡིན་ནོ། ། 5. དགེ་འདུན་ལ་སྨོད་པ་མ་ཡིན་པ་ནི། དགེ་སློང་གིས་གང་གི་རྣམ་པ་དང། གང་གི་མཚན་མ་དང་། གང་གི་རྟགས་ཀྱིས་དགེ་སློང་དེ་དགེ་འདུན་སྨོད་པར་བྱེད་པ་དེ་ལྟ་བུའི་རྣམ་པ་དང་། མཚན་མ་དང་། དེའི་རྟགས་ཀྱིས་དགེ་སློང་དེ་དགེ་འདུན་ལ་སྨོད་པར་བྱེད་པ་མ་མཐོང་ན། དེས་དེ་ལ་གསོ་སྦྱོང་འགོག་པ་དེ་ནི། ཆོས་བཞིན་མ་ཡིན་པར་གསོ་སྦྱོང་འགོག་པ་སྟེ། དེ་ལྟ་བུ་ནི། དགེ་འདུན་ལ་སྨོད་པར་བྱེད་པ་མ་ཡིན་པ་ཞེས་བྱའོ། ། 6. དགེ་འདུན་ལ་སྨོད་པ་གཏམ་དུ་བརྗོད་པ་མ་ཡིན་པ་ནི། འདི་ལྟ་སྟེ། དེའི་གཙུག་ལག་ཁང་གི་ནང་ངམ། ཕྱི་རོལ་ཏུ་ཡང་རུང་། དགེ་སློང་མང་པོ་དང་ལྷན་ཅིག་ཏུ་འདུས་ཤིང་འཁོད་ནས་དེ་དག་ཀྱང་དེ་ལས་བྱུང་བའམ། དེའི་རང་བཞིན་ནམ། དེ་ལས་མཐུན་པའི་གཏམ་དུ་བརྗོད་པ་ཡང་མེད། དད་པ་ལས་ཐོས་པའང་མེད་དེ། རང་གི་རྣམ་པ་ལ་རྣམ་པར་རྟོག་པ་ལས་བྱུང་བའང་མེད་དེ། ཐོས་པའང་མེད། དོགས་པའང་མེད་བཞིན་དུ་གསོ་སྦྱོང་འགོག་པ་ནི། ཆོས་བཞིན་མ་ཡིན་པར་གསོ་སྦྱོང་འགོག་པ་སྟེ། དེ་ལྟ་བུ་ནི། དགེ་འདུན་ལ་སྨོད་པར་གཏམ་དུ་བརྗོད་པ་མ་ཡིན་པའོ། ། 7. ཚུལ་ཁྲིམས་ཉམས་པ་མ་ཡིན་པ་ནི། ཕས་ཕམ་པའི་ཆོས་བཞིའི་རི་ནང་ནས་གང་ཡང་རུང་། ཕས་ཕམ་པའི་ཆོས་ལས་འདས་པར་མ་གྱུར་པ་སྟེ། དེ་ལྟ་བུ་ནི། ཚུལ་ཁྲིམས་མ་ཉམས་པའོ། ། 8. ལྟ་བ་ཉམས་པ་མ་ཡིན་པ་ནི། ལྟ་བ་དྲུག་ཅུ་རྩ་གཉིས་སུ་གཏོགས་པའི་ལྟ་བ་ལས་ལྟ་བ་གང་ཡང་རུང་བ་དེར་མ་གྱུར་པ་ཡིན་ཏེ། དེ་ལྟ་བུ་ནི། ། ལྟ་བ་མ་ཉམས་པའོ། ། 9. སྤྱོད་པ་ཉམས་པ་མ་ཡིན་པ་ནི། མི་སྤྱོད་པ་མི་སྤྱོད་ཅིང་དགེ་སློང་གིས་བསླབ་པ་ཡང་སློབ་པ་སྟེ། དེ་ལྟ་བུ་ནི། སྤྱོད་པ་མ་ཉམས་པའོ། ། 10. འཚོ་བ་མ་ཉམས་པ་ནི། འཚོ་བ་ཡོངས་སུ་དག་པ་ཡིན་ཏེ། དེ་ལྟ་བུ་ནི། འཚོ་བ་མ་ཉམས་པ་ཞེས་བྱ་བའོ། ། |
Tibetan Source | 《འདུལ་བ་པ་པ་》ཤ་353ན་3ལས་བཏུས། |
Wylie | |
Wylie Definition | |
Wylie Synonym | |
Sanskrit | |
English | |
English Definition | |
English Synonyms | |
Chinese | |
Chinese (Simplified) | |
Chinese (Traditional) | |
Chinese Definition | |
Page Number |