9856
Jump to navigation
Jump to search
| Tibetan | ལྷ་རྗེས་སུ་དྲན་པ་སྤྱི་བོ་ལྟ་བུའི་ཆོས་རྣམ་པ་བཅུ། |
|---|---|
| Tibetan Alternate | |
| Tibetan Definition | དེ་ཡང་། འཕགས་པ་ནམ་མཁའ་མཛོད་ཀྱིས་ཞུས་པའི་མདོ་ལས་བྱུང་བ་སྐྱེ་བ་གཅིག་གིས་ཐོགས་པའི་བྱང་ཆུབ་སེམས་དཔའ་དགའ་ལྡན་གྱི་གནས་ན་གང་དག་འཁོད་པ་དེ་དག་གི་ལྷ་རྗེས་སུ་དྲན་པ་སྤྱི་བོ་ལྟ་བུའི་ཆོས་རྣམ་པ་བཅུ་སྟེ།
1. ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཀྱི་ནང་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྤྱི་བོར་གྱུར་པ། ། 2. མངོན་པར་ཤེས་པ་ཐམས་ཅད་ཀྱི་ནང་ན་མི་ཉམས་པའི་མངོན་པར་ཤེས་པ། 3. ས་ཐམས་ཅད་ཀྱི་ནང་ན་དབང་བསྐུར་བའི་ས། 4. བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཐམས་ཅད་ཀྱི་ནང་ན་ཡང་དག་པའི་ལྟ་བ། 5. ཏིང་ངེ་འཛིན་མི་ཉམས་པ་དང་། སོ་སོ་ཡང་དག་པར་རིག་པའི་ནང་ན་དོན་དང་སྤོབས་པ་རྒྱུན་མི་འཆད་པ། 6. ཤེས་པ་ཐམས་ཅད་ཀྱི་ནང་ན་ཆགས་པ་མེད་པའི་ཡེ་ཤེས་ལོ་འཇུག་པ། 7. དབང་པོ་ཐམས་ཅད་ཀྱི་ནང་ན་རབ་འབྲིང་ཐ་མ་ལ་འཇུག་པ་ཤེས་པ་དང་། སྟོབས་དང་མི་འཇིགས་པ་ལ་སྣང་བའི་ཡེ་ཤེས་ཀྱི་རྗེས་སུ་འགྲོ་བ། 8. སྤྱན་ཐམས་ཅད་ཀྱི་ནང་ནི་སངས་རྒྱས་ཀྱི་སྤྱན་ཀུན་ཏུ་གཟིགས་པ། 9. སངས་རྒྱས་ཀྱི་ཆོས་ཐམས་ཅད་འདི་དག་གི་ལག་མཐིལ་དུ་སོང་བ་ལྟར་འདུག་པ། 10. བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་ནས་སེམས་ཀྱི་སྐད་ཅིག་གཅིག་དང་ལྡན་པའི་ཤེས་རབ་ཀྱིས་མངོན་པར་རྫོགས་པར་བྱང་ཆུབ་པའོ། ། |
| Tibetan Source | 《མདོ་ད་པ་》ཤ་355བ་1ལས་བཏུས། |
| Wylie | |
| Wylie Definition | |
| Wylie Synonym | |
| Sanskrit | |
| English | |
| English Definition | |
| English Synonyms | |
| Chinese | |
| Chinese (Simplified) | |
| Chinese (Traditional) | |
| Chinese Definition | |
| Page Number |