9892

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan དགེ་སློང་མའི་སོ་སོར་བཤགས་པར་བྱ་བའི་ཆོས་བཅུ་གཅིག
Tibetan Alternate
Tibetan Definition དེ་ཡང་། དགེ་སློང་མའི་སོ་སོར་ཐར་པའི་མདོ་ལས་བྱུང་བ་སྟེ།

1. དགེ་སློང་གང་མི་ན་བར་གཞན་གྱི་ཁྱིམ་ནས་བདག་གི་དོན་དུ་འོ་མ་བླངས་ཏེ་འཐུང་ན་དགེ་སློང་མ་དེས་ཕྱི་རོལ་དབྱར་ཁང་དུ་སོང་སྟེ། དགེ་སློང་མ་རྣམས་ལ་འཕགས་མ་དག་བདག་ལ་སྨད་པར་བྱ་བའི་གནས་མི་རིགས་པ་སོ་སོར་བཤགས་པར་བྱ་བ་འབྱུང་གི། ཆོས་དེ་སོ་སོར་བཤགས་པར་བྱ་སྟེ། ཆོས་འདི་ནི་སོ་སོར་བཤགས་པར་བྱའོ། ། 2. དེ་བཞིན་དུ་སྦྱར་ཏེ། བདག་གི་དོན་དུ་ཞོ། 3. མར། 4. ཞུན་མར། 5. འབྲུ་མར། 6. སྦྲང་རྩི། 7. བུ་རམ་གྱི་དབུ་བ། 8. ཉ་ཤ། 9. ཤ། 10. ཤ་སྐམ་བླངས་པ་བཅས་སོ་སོར་བཤགས་པར་བྱ་བ། 11. སློབ་པ་དག་གི་ཁྱིམ་གང་དག་ན་དགེ་འདུན་གྱི་བསླབ་པའི་སྡོམ་པས་བསྡམས་་བསྡམས་པར་གྱུར་པ་ལ། དགེ་སློང་མ་གང་སློབ་པ་དག་གི་ཁྱིམ་གང་དག་དགེ་འདུན་གྱི་བསླབ་པའི་སྡོམ་པས་བསྡམས་པར་གྱུར་པ་ལ། དགེ་སློང་མ་གང་སློབ་པ་དག་གི་ཁྱིམ་གང་དག་དགེ་འདུན་གྱི་གྱི་བསླབ་པའི་སྡོམ་པས་བསྡམས་པ་དེ་ལྟ་བུ་དག་ཏུ་སྔར་མགྲོན་དུ་མ་བོས་པར་སོང་སྟེ། རང་གི་ལག་གིས་བཅའ་བ་དང་། བཟའ་བ་བླངས་ནས་འཆའ་འམ། ཟ་ན་དགེ་སློང་མ་དེས་ཕྱི་རོལ་དབྱར་ཁང་དུ་སོང་སྟེ། སོ་སོར་བཤགས་པར་བྱ་བ་དང་བཅུ་གཅིག་གོ ། སྡོམ་ནི། འོ་མ་ཞོ་དང་མར་དང་ནི། ། ཞུན་མར་འབྲུ་མར་སྦྲང་རྩི་དང་། ། དབུ་བ་ཉ་ཤུ་ཤ་དང་ནི། ། ཤ་སྐམ་བསླབ་སྡོམ་བྱིན་པའོ། །

Tibetan Source 《འདུལ་ཏ་པ་》ཤ་30ན་5ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number