9893

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan དགོས་ཆེད་རྒྱས་པར་སྟོན་པའི་སྡེ་ཚན་བཅུ་གཅིག
Tibetan Alternate
Tibetan Definition དེ་ཡང་། མདོ་རྒྱུད་རིན་པོ་ཆེའི་མཛོད་དེབ་གཟུགས་གླེགས་བམ་གཉིས་པ་མདོ་རྒྱུད་རིན་པོ་ཆེའི་མཛོད་ཀྱི་རྒྱས་འགྲེལ་ལས་སྐབས་གཉིས་པ་ཆོས་འཆད་ཉན་སྐོར་ལས་བྱུང་བ་སྟེ།

1. རྒྱུད་ཀྱི་སྙིང་པོ་གསུམ་ནི། རིག་པ་རང་ཤར་། རང་གྲོལ། ཡི་གེ་མེད་པ་གསུམ་སྟེ། འདི་གསུམ་ཤེས་ན་རྒྱལ་པོ་དམངས་ལ་དབང་བསྒྱུར་བ་ལྟར། རྒྱུད་སྤྱིའི་དོན་ལ་དབང་བསྒྱུར་བའོ། ། དེ་ཡང་ཡི་གེ་མེད་པས་རྒྱུད་སྤྱིའི་མན་ངག་སྟོན། དེ་ལ་བློན་པོས་ཁ་ལོ་བསྒྱུར་བ་དང་འདྲ་བ། རང་ཤར་གྱིས་ལྟ་སྒོམ་སྤྱོད་པའི་གཞི་འཛིན། འབངས་གྱིས་གཡོག་དང་དཔྱ་ལ་སོགས་བྱེད་པ་ལྟར། རང་གྲོལ་གྱིས་དེ་ཉིད་ཀྱི་དོན་འགྲོལ་བའོ། ། དེ་གསུམ་འཛོམ་པས་རྒྱལ་ཁམས་ལ་མངའ་དབང་བསྒྱུར་བ་ལྟར། རྒྱུད་སྡེ་ཀུན་ལ་དབང་བསྒྱུར་བའོ། ། 2. རྒྱུད་ཀྱི་དྭངས་མ་གསུམ་ནི། ཀུན་ཏུ་བཟང་པོ་ཐུགས་ཀྱི་མེ་ལོང་། རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་། ནོར་བུ་ཕྲ་བཀོད་གསུམ་སྟེ། འདི་གསུམ་ཤེས་ན་རི་གསུམ་གྱི་རྩེར་ཕྱིན་པས། དམའ་བའི་ལུང་པ་རྣམས་མཐོང་བ་ལྟར་རྒྱུད་སྡེ་ཀུན་གྱི་ཁོང་དོན་ཤེས་པས་དགོས་པ་ཡོད་དོ། ། 3. རྒྱུད་ཀྱི་མེ་ཏོག་གསུམ་ནི། མུ་ཏིག་ཕྲེང་བ། བཀྲུ་ཤིས་མཛེས་ལྡན། སེང་གེ་རྩལ་རྫོགས་ཏེ། འདི་གསུམ་ཤེས་ན་ནམ་མཁའ་ལ་ཉི་མ་གསུམ་ཤར་བས་འཇིག་རྟེན་གྱི་མུན་པ་སངས་པ་ལྟར། རྒྱུད་ཀྱི་དོན་དང་ཚིག་ལ་རྨོངས་པ་མེད་པར་རྟོགས་པའི་དགོས་པ་ཡོད་དོ། ། 4. རྒྱུད་ཀུན་གྱི་སྡོམ་ནི། རྫོགས་པ་རང་བྱུང་སྟེ། མཁར་གྱི་རྨང་འགྲམ་ལེགས་པར་ཚུད་ན་སྟེང་དུ་ཐོག་རིམ་པ་མང་པོ་བརྩིགས་བཏུབ་པ་ལྟར། དབང་དང་ལྡན་པས་ཐར་བའི་གཞི་ཐིངས་པར་ཤེས་པའི་དགོས་པ་ཡོད་དོ། ། 5. རྒྱུད་ཀྱི་སྣང་བ་གཏིང་རྫོགས་ནི། ངོ་སྤྲོད་སྨྲས་པ་སྟེ་མཁར་གྱི་རྩེ་མོར་འབྱོངས་ནས་དམག་གིས་མི་ཚུགས་པ་ལྟར་འཁོར་བའི་གནས་ལ་མི་འཇིགས་པའི་དགོས་པ་ཡོད་དོ། ། 6. ཡེ་ཤེས་གཡུལ་ལྡོག་གི་རྒྱུད་ནི། ཉི་ཟླ་ཁ་སྦྱོར་ཏེ། བར་དོར་འཁྲུལ་བ་ལྡོག་པའི་དགོས་པ་ཡོད་དོ། ། 7. ཡན་ལག་གི་རྒྱུད་གཉིས་ནི། རིན་པོ་ཆེ་སྤུངས་པ་དང་། སྐུ་གདུང་འབར་བ་སྟེ། མཁར་ལ་བ་གམ་བཏགས་པ་ལྟར།. ཡེ་ཤེས་རང་སྣང་དུ་རྟོགས་པས་རབ་ཏུ་མཛེས་པའི་དགོས་པ་ཡོད་དོ། ། 8. རྣལ་འབྱོར་གྲོལ་བའི་རྒྱུད་ནི། སྒྲོན་མ་འབར་བ་སྟེ། རྒྱལ་པོ་ཕོ་བྲང་གི་རྩེར་བཞུགས་ན་འདོད་དགུ་འགྲུབ་པ་ལྟར། འདི་ཤེས་པས་དོན་རྣམས་འགྲུབ་པའི་དགོས་པ་ཡོད་དོ། ། 9. སྙིང་དང་འདྲ་བ་ནི། ཀློང་དྲུག་པ་སྟེ། སྒོ་བསྡམས་པས་དགྲ་རྐུན་གྱིས་གླགས་མི་ཐོང་ང་བ་ལྟར། ལྟ་བ་རྟོགས་པས་གོལ་སྒྲིབ་དང་བར་ཆོད་མེད་པའི་དགོས་པ་ཡོད་དོ། ། 10. གསང་བ་རང་གཞུང་ནི། ཐ་མ་ལྕགས་རིས་བསྐོར་བ་ལྟར་དོགས་པ་ཐམས་ཅད་གཅོད་པ་སྒྲ་ཐལ་འགྱུར་རོ། ། 11. མཚོན་ཆ་ལྟ་བུ་ནི། ནག་མོ་ཁྲོས་མ་སྟེ། སྒོ་སྲུང་བཟང་པོས་གནོད་བྱེད་ནང་དུ་མི་གཏོང་བ་ལྟར། འགལ་བྱེད་ཆམ་ལ་འབེབས་ཤིང་བར་ཆད་ཐམས་ཅད་བསྲུང་བའོ། །ཕན་ཡོན་ནི། རྒྱུད་དེ་རྣམས་བཟུང་བས་རིག་པ་རང་ངོ་འཕྲོད། བཅིངས་པས་ཏིང་ངེ་འཛིན་རང་ལ་གནས། བཀླགས་པས་བརྗོད་བྱའི་དོན་སེམས་ལ་འཆར། བཤད་པས་བཅིངས་པས་ཏིང་ངེ་འཛིན་རང་ལ་གནས། བཀླགས་པས་བརྗོད་བྱའི་དོན་སེམས་ལ་འཆར།: བཤད་པས་མཆོག་དང་ཐུན་མོང་གི་དངོས་གྲུབ་འཐོབ། བསྒོམས་པས་འཁོར་བ་དོང་ནས་སྤྲུགས། ཉན་པས་གནས་སྐབས་ཀྱི་ཡེ་ཤེས་ལ་སྤྱོད་པའོ། །

Tibetan Source 《མདོ་རྒྱུད་མཛོད་ཆ་པ་》ཤ་59.23ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number