9898

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan བསྒོམ་པའི་རྣམ་པར་དབྱེ་བ་བཅུ་གཅིག
Tibetan Alternate
Tibetan Definition དེ་ཡང་། རྣལ་འབྱོར་སྤྱོད་པའི་ས་ཉན་ཐོས་ཀྱི་ས་ལས་བྱུང་བ་སྟེ།

1. ཞི་གནས་བསྒོམ་པ་ནི། སེམས་གནས་པ་དགུ་སྟེ་སྔ་མ་བཞིན་ནོ། ། 2. ལྷག་མཐོང་བསྒོམ་པ་ནི། ལྷག་མཐོང་བསྒོམ་པ་ཡང་སྔ་མ་བཞིན་ནོ། ། 3. འཇིག་རྟེན་པའི་ལམ་བསྒོམ་པ་ནི། ས་འོག་མ་པ་རྣམས་ལ་རགས་པར་ལྟ་བ་དང་། ས་གོང་མ་པ་རྣམས་ཞི་བར་ལྟ་བ་ཉིད་ཀྱིས་ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་བར་གྱི་འདོད་ཆགས་དང་བྲལ་བར་གྱུར་པ་གང་ཡིན་པའོ། ། 4. འཇིག་རྟེན་ལས་འདས་པའི་ལམ་བསྒོམ་པ་ནི། སྡུག་བསྔལ་ལ་སྡུག་བསྔལ་གྱི་སྒོ་ནས་ཡིད་ལ་བྱེད་པ་དང་། ལམ་གྱི་བར་ལ་ལམ་གྱི་སྒོ་ནས་ཡིད་ལ་བྱེད་པའི་ཡང་དག་པའི་ལྟ་བ་ལ་སོགས་པ་ཟག་པ་མེད་པའི་ལམ་གྱིས་ཡོད་མིན་མེད་མིན་གྱི་སྐྱེ་མཆེད་ཀྱི་བར་གྱི་འདོད་ཆགས་དང་བྲལ་བར་འགྱུར་བ་གང་ཡིན་པའོ། ། 5. ལམ་ཆུང་ངུ་བསྒོམ་པ་ནི། གང་གིས་ཉོན་མོངས་པ་རགས་པ་དང་ཆེན་པོ་སྤོང་བར་བྱེད་པའོ། ། 6. ལམ་འབྲིང་པོ་བསྒོམ་པ་ནི། གང་གིས་ཉོན་མོངས་པ་འབྲིང་པོ་སྤོང་བར་བྱེད་པའོ། ། 7. ལམ་ཆེན་པོ་བསྒོམ་པ་ནི། གང་གིས་ཐམས་ཅད་ཀྱི་ཐ་མར་སྤང་བར་བྱ་བའི་ཉོན་མོངས་པའི་རྣམ་པ་ཆུང་ངུ་སྤོང་བར་བྱེད་པའོ། ། 8. སྦྱོར་བའི་ལམ་བསྒོམ་པ་ནི། གང་གིས་ཉོན་མོངས་པ་སྤང་བར་བྱ་བའི་ཕྱིར་སྦྱོར་བ་རྩོམ་པར་བྱེད་པའོ། ། 9. བར་ཆད་མེད་པའི་ལམ་བསྒོམ་པ་ནི། གང་གིས་ཉོན་མོངས་པ་སྤོང་བར་བྱེད་པའོ། ། 10. རྣམ་པར་གྲོལ་བའི་ལམ་བསྒོམ་པ་ནི། གང་གིས་ཉོན་མོངས་པ་སྤངས་མ་ཐག་ཏུ་རྣམ་པར་གྲོལ་བ་མངོན་སུམ་དུ་བྱེད་པའོ། ། 11. ཁྱད་པར་གྱི་ལམ་བསྒོམ་པ་ནི། གང་གིས་དེའི་གོང་དུ་ས་གཞན་གྱི་སྦྱོར་བ་བརྩམ་པར་བྱ་བའི་བར་ལ་རྩོམ་པར་མི་བྱེད་པ་དང་། མཐར་ཐུག་པ་ལ་རྩོམ་པར་མི་བྱེད་པའོ། །

Tibetan Source 《བསྟན་འགྱུར་སེམས་ཙམ་ཛི་པ་》ཤ་192བ་2ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number