9973

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan གཙོ་བོ་བསྒོམ་པ་བཅུ་གཅིག
Tibetan Alternate
Tibetan Definition དེ་ཡང་། འཕགས་པ་དམ་པའི་ཆོས་དྲན་པ་ཉེ་བར་གཞག་པ་ལས་བྱུང་བ་དགེ་སློང་གིས་གཙོ་བོ་བསྒོམ་པ་སྟེ།

1. ལུས་ལ་བརྟགས་ནས་ཀུན་ཏུ་ཆགས་པ་དང་། རྨོངས་པར་མི་བྱེད་པ། 2. འདོད་པ་ཉེ་བར་སྤྱད་པ་ལ་སྨོད་པར་བྱེད་པ། 3. བག་ཡོད་པ་ལ་གནས་པ། 4. དགེ་བའི་ཆོས་རྣམས་ཡིད་ལ་བྱེད་པ། 5. ཚོར་བ་བདེ་བ་སྐྱེས་པས་སེམས་གཡེངས་པར་མི་བྱེད་པ། 6. འདུ་བྱེད་གང་ཡིན་མི་རྟག་པ་དང་། སྡུག་བསྔལ་བ་སོགས་ཕན་ཚུན་སྟོབས་ཀྱིས་བྱུང་བར་ཤེས་པ། 7. རྟག་ཏུ་དམིགས་པ་ཡིད་ལ་བྱེད་པ། 8. རང་དང་སྤྱིའི་མཚན་ཉིད་ཕྱིན་ཅི་མ་ལོག་པར་འཛིན་པ། 9. ཀུན་ནས་ཉོན་མོངས་པའི་གཉེན་པོ་ཡིད་ལ་བྱེད་པ། 10. སངས་རྒྱས་ཀྱི་ཡོན་ཏན་རྗེས་སུ་དྲན་པ། 11. གཅིག་ནས་གཅིག་ཏུ་བརྒྱུད་པའི་སྐད་ཅིག་རེ་རེ་ལ་གོམས་པར་བྱེད་པ་བཅས་སོ། །(སྐབས་འདིའི་རྣམ་གྲངས་ངོས་འཛིན་བདེ་བའི་ཆེད་དུ་གཤམ་དུ་འཁོད་པའི་གཞུང་དོན་གྱི་འགྲོས་ལ་བལྟས་ནས་འདི་ལྟར་བཀོད་པ་དོན་ལ་གནས་མིན་དཔྱད་པར་ཞུ།) 1. འདི་ལ་དགེ་སློང་ལུས་དང་། ལུས་ལ་རྟོག་པར་བྱེད་དོ། ། བརྟགས་ནས་ཀུན་ཏུ་ཆགས་པར་མི་བྱེད། རྨོངས་པར་མི་བྱེད་ལ་དེ་སེམས་ལ་དམ་དུ་འཛིན་པར་མི་བྱེད་དེ། ། འདི་ནི་བསྒོམ་པ་དང་པོ་ཡིན་ནོ། ། 2. དགེ་སློང་དེ་བསྒོམ་པ་ལ་གོམས་པར་བྱེད་དེ། སྔོན་འདོད་པ་ཉེ་བར་སྤྱད་པ་གང་མིན་པ་དེ་དག་ལ་སྨོད་པར་བྱེད། རོ་མྱང་བར་མི་བྱེད་ཡིད་ལ་མི་བྱེད། འགྱོད་པར་བྱེད། སྐྱོན་དུ་བགྲང་བར་བྱེད་པ་འདི་ནི་བསྒོམ་པ་གཉིས་པ་ཡིན་ནོ། ། 3. དགེ་སློང་དེ་བསྒོམ་པ་གོམས་པར་བྱེད་དེ། འདི་ལྟར་བདགུ་བག་ཡོད་ན། ཡུལ་ཀུན་དང་ལྡན་པའི་ཡུལ་རྣམས་ཀྱིས་མི་འཕྲོགས་ལ། བག་ལ་ཉལ་གྱི་སྦྱོར་བ་ཐམས་ཅད་ཟད་པར་འགྱུར་ཏེ། དེ་ལྟར་བག་ཡོད་པ་ལ་གནས་པ་ནི། བག་ཡོད་པ་དེ་སྒོམ་པར་བྱེད་ཅིང་གོམས་པར་བྱེད་པ་འདི་ནི་བསྒོམ་པ་གསུམ་པ་ཡིན་ནོ། 4. དགེ་སློང་དེ་བསྒོམ་པ་གོམས་པར་བྱེད་དེ། དགེ་བའི་ཆོས་རྣམས་ཡིད་ལ་བྱེད་ཅིང་དེ་དག་ཀྱང་གོམས་པར་བྱེད་པ་ནི། འདི་ལྟར་བདག་གི་དགེ་བའི་ཆོས་སྐྱེས་པ་འདི་དག་ནི་རྣམ་པར་སྨིན་པ་བདེ་བ། རྒྱུ་བདེ་བ། རྐྱེན་བདེ་བ་ཡིན་ཏེ། བདག་ལ་རྣམ་པར་སྨིན་པ་བདེ་བ་དེ་དག་འབྱུང་བར་འགྱུར་རོ་སྙམ་མོ། ། དེ་བཞིན་དུ་མི་དགེ་བ་རྣམས་ལའང་རྟོག་པར་བྱེད་ལ། དེའི་བསྒོམ་པ་དེ་ནི་ཡང་དག་པར་འགྱུར་ཏེ། འདི་ནི་བསྒོམ་པ་བཞི་པ་ཡིན་ནོ། ། 5. གཞན་ཡང་དགེ་སློང་དེ་བསྒོམ་པ་་བསྒོམ་པ་གོམས་པར་བྱེད་དེ། འདི་ལྟར་བདག་ལ་ཚོར་བ་བདེ་བ་སྐྱེས་པ་དེ་ཅི་ལས་རང་བཞིན་ཅི་ཡིན། རྒྱུ་ཅི་ཡིན། རྐྱེན་ཅི་ཡིན། གཞི་ཅི་ཡིན། སྐྱེས་པ་དེས་བདག་གིས་སེམས་གཡེངས་པར་མི་བྱེད་དམ་ཞེས་ཚོར་བ་དེ་དག་ལ་ཡང་དག་པ་ཇི་ལྟ་བ་བཞིན་གོམས་པར་བྱེད་ལ། དེ་དག་ལའང་སྙིང་པོ་མེད་པར་ལྟ་སྟེ། གསོབ་དང་། གསོག་དང་། སྙིང་པོ་མེད་པར་གོམས་པར་བྱེད་པ་འདི་ནི་བསྒོམ་པ་ལྔ་པ་ཡིན་ནོ། ། 6. ཡང་དགེ་སློང་དེ་བསྒོམ་པ་གོམས་པར་བྱེད་དེ། འདི་ལྟར་འདུ་བྱེད་གང་ཡིན་པ་དེ་རྣམས་ནི་མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མེད་པ་དང་། གསོག་ཕན་ཚུན་གྱི་སྟོབས་ཀྱིས་བྱུང་བ་རྣམས་འབྱུང་ སྟེ། ཅི་ལས་བྱུང་། སྟོབས་གཅིག་གིས་སྐྱིད་པ་མ་ཡིན་ནོ་ཞེས་དེ་ལྟར་གོམས་པར་བྱེད་དོ། ། དེ་དེ་རྣམས་ལ་ཆགས་པར་མ་བྱེད་པ་འདི་ནི་བསྒོམ་པ་དྲུག་པ་ཡིན་ནོ། ། 7. དགེ་སློང་དེ་བསྒོམ་པ་བདུན་པ་གོམས་པར་བྱེད་དེ། འདི་ལྟར་བདག་གི་ཡིད་ལ་བྱེད་པ་དགེ་བ་དག་སྐྱེས་སོ། ། དགེ་བའི་རྒྱུས་སྐྱེས་པ་དེ་ཡིད་ལ་བྱེད་པ་གཞན་གྱིས་ཉམས་ཏེ། བདག་གི་དམིགས་པ་དེ་བརྗེད་དོ། ། དེ་བཞིན་དུ་བདག་གི་ཡིད་ལ་བྱེད་པ་མི་དགེ་བ་སྐྱེས་ལ། དེ་ཡང་ཡིད་ལ་བྱེད་པ་དགེ་བས་ཉམས་ཏེ། བདག་གི་དགེ་བའི་ཆོས་དེ་རྣམས་ཀྱི་བར་ཆད་བྱུང་ངོ་སྙམ་མོ། ། དེ་ལྟར་རྟག་ཏུ་དམིགས་པ་ཡིད་ལ་བྱེད་པ་འདི་ནི་བསྒོམ་པ་བདུན་པ་ཡིན་ནོ། ། 8. གཞན་ཡང་། དགེ་སློང་དེ་བསྒོམ་པ་བརྒྱད་པ་གོམས་པར་བྱེད་དེ། འདི་ལྟར་ཆོས་ནི་རང་གི་མཚན་ཉིད་དང་སྤྱིའི་མཚན་ཉིད་ཡིན་ལ་ཆོས་འདི་དག་རང་གི་མཚན་ཉིད་ཕྱིན་ཅི་མ་ལོག་པར་འཛིན་ཏེ། ཆོས་ཐམས་ཅད་ཀྱིས་འདྲེས་པ་མེད་པ་འདི་ཉིད་ནི་ཆོས་ཉིད་དུ་གནས་པ་ཡིན་ནོ། ། བདག་སྐྱེས་པ་དང་། གོར་མ་ཆགས་པར་འཆི་བ་ཉེ་བར་གནས་པར་འགྱུར་ཏེ། འདུས་བྱས་ཀྱི་ཆོས་ལ་གང་མཚན་ཉིད་གསུམ་མེད་པར་གྱུར་བ་གང་ཡང་མེད་དོ་སྙམ་དུ་དེ་ལྟར་སྒོམ་པ་ནི་ཆོས་ཐམས་ཅད་ཀྱི་མི་རྟག་པ་ཉིད་བསྒོམ་པ་ཡིན་ཏེ། དེ་ལྟར་བསྒོམ་པའི་དགེ་སློང་དེ་ནི་བསྒོམ་པ་བརྒྱད་པ་བསྒོམ་པ་ཡིན་ནོ། ། 9. དགེ་སློང་དེ་བསྒོམ་པ་དགུ་པ་གོམས་་པར་བྱེད་དེ། འདི་ལྟར་ཀུན་ནས་ན་མོངས་པའི་རྩ་བ་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གསུམ་གྱི་གཉེན་པོ་མི་གཙང་བ་དང་། བྱམས་པ་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་དེ་དག་གཉེན་པོ་ཡིན་ཏེ། དེ་ལྟར་གོམས་པར་བྱེད། རྟག་ཏུ་ཡིད་ལ་བྱེད་པ་འདིའང་བསྒོམ་པ་དགུ་པ་ཡིན་ནོ། ། 10. དགེ་སློང་དེ་བསྒོམ་པ་བཅུ་པ་གོམས་པར་བྱེད་དེ། འདི་ལྟར་སངས་རྒྱས་ཀྱི་ཡོན་ཏན་རྗེས་སུ་དྲན་པ་བསྒོམ་སྟེ། དེ་ཡང་འཇིག་རྟེན་ལ་ཕན་པ་དང་། བདེ་བར་བྱ་བའི་ཕྱིར་རོ། ། དེ་ལྟ་བས་ན་བདག་ཉིད་ལ་རྟག་ཏུ་ཕན་པར་འདོད་པ་རྣམས་ཀྱིས་དེ་ཉིད་བསྒོམ་པར་བྱའོ་ཞེས་ཡང་དག་པར་དྲན་པར་བྱེད་པ་ནི་བསྒོམ་པ་བཅུ་པ་ཡིན་ནོ།། 11. དགེ་སློང་དེ་བསྒོམ་པ་བཅུ་གཅིག་པ་གོམས་པར་བྱེད་དེ། འདི་ལྟར་གཅིག་ནས་གཅིག་ཏུ་བརྒྱུད་དེ་ཐོས་པ་སྐད་ཅིག་རེ་རེ་ལ་གོམས་པར་བྱེད་དོ། ། འདི་ལྟར་གཅིག་ནས་གཅིག་ཏུ་བརྒྱུད་པ་སྐད་ཅིག་རེ་རེ་ནི་མངལ་ནས་བྱུང་བ་དང་། སྐྱེས་པ་དང་། ཤི་བའི་བར་དང་། ན་གནས་པ་དང་། གཞོན་ནུ་དང་། ལང་ཚོ་ནས་རྒྱ་བའི་མཐར་ཐུག་གི་བར་དུ་དེ་ལྟར་གོམས་པར་བྱེད་པ་དགེ་སློང་དེའམ། གཞན་ཡང་རུང་སྟེ། འཆི་བའི་ཚེ་གཤིན་རྗེའི་མིའི་དབང་དུ་མི་འགྲོ་ཞིང་། བཞིན་མི་སྡུག་པར་བསྒྱུར་བ་སྡིག་པ་བྱེད་པ་གཞན་དེ་དག་ཀྱང་མཐོང་བར་མི་འགྱུར་མངལ་རོ། །

Tibetan Source 《མདོ་འ་པ་》ཤ་380བ་7ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number