From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
རྨུགས་པ
|
Tibetan Definition
|
1 (མིང་ཚི) གཏི་མུག་གི་ཆར་གཏོགས་གང་ཞིག ལུས་སེམས་ལྕི་ཞིང་ལས་སུ་མི་རུང་བར་བྱེད་ལ་བྱིང་བའི་རྒྱུར་གྱུར་པའི་སེམས་བྱུང་ཞིག་ལ་ཟེར། རྗེའི་ལམ་རིམ་ཆེན་མོ་ལ་གཞི་བྱས། དེ་ཉིད་ལས། གངས་རིའི་ཁྲོད་ཀྱི་བསམ་གཏན་པ་ཕལ་མོ་ཆེ་རྣམས་ནི། ཡུལ་གཞན་ལ་འཕྲོ་བ་མེད་པར་གནས་ཤིང་གསལ་དྭངས་ནི་མེད་པའི་སེམས་རྨུགས་པ་ཞིག་ལ་བྱིང་བར་འདོད་པར་སྣང་ངོ༌། །དེ་ནི་མི་རིགས་ཏེ། རྨུགས་པ་ནི་བྱིང་བའི་རྒྱུར་གསུངས་པས་དེ་གཉིས་སོ་སོ་ཡིན་པའི་ཕྱིར་ཏེ། ཞེས་སོགས་གསུངས།
|