From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
རྨེ་རུ
|
Tibetan Definition
|
རྒྱ་བོད་ཀྱི་ས་མཚམས་སུ་ཆགས་པའི་ལུང་པ་ཞིག (འདི་རྒྱ་ནག་གི་ཡུལ་ཡིན་པ་རྒྱལ་རབས་གསལ་བའི་མེ་ལོང་ཤོག་གྲངས་༢༣༡ན་གསུངས་ཏེ། དེ་ཉིད་ལས། རྒྱ་ཡུལ་རྨེ་རུ་བྱ་བའི་སོ་མཚམས་སུ་བཙན་པོ་དབོན་ཞང་གཉིས་ཀྱིས་ལྷ་ཁང་རེ་བརྩིགས། ཞེས་གསུངས་སོ) ཕྱི་ལོ་༨༨༢ལོར་རྒྱལ་པོ་ཁྲི་རལ་པ་ཅན་གྱིས་རྒྱ་བོད་དབར་ཞལ་འཆམ་གྱི་ཞི་བདེའི་ཆིངས་ཡིག་འཁོད་པའི་རྡོ་རིང་གསུམ་བཙུགས་ཤིང་། དེ་ཡང་ལྷ་ལྡན་གཙུག་ལག་ཁང་གི་མདུན་དུ་སར་རྡོ་རིང་གཅིག རྒྱ་ནག་གི་རྒྱལ་པོའི་ཕོ་བྲང་གི་མདུན་དུ་གཅིག རྨེ་རུར་རྡོ་རིང་གཅིག་བཅས་གསུམ་བཙུགས་སོ། །
|