10227

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྨེག་བཏའ
Tibetan Definition (འདུལ་བ) ནུས་མེད་དུ་བཏང་བ། ཤུལ་མེད་དུ་བཏང་བའམ། ཤུལ་མེད་དུ་བརླག་པའི་དོན་ཡིན། བརླག་པའི་དོན་དུ། བསྟན་དར་ལྷ་རམས་པས་གསུངས། འདུལ་བ་ལུང་གཞི་༼ ག ༽ལས། དེས་རི་ཁྲོད་པ་དེ་རྣམས་བཅོམ་རབ་ཏུ་བཅོམ་སྟེ་རྨེག་བཏའོ། །དེ་ནས་ཤཱཀྱ་རྣམས་མགུ་ནས་རྒྱལ་པོ་སེང་གེ་འགྲམ་གྱི་དྲུང་དུ་དོང་སྟེ། ལྷ་གཞོན་ནུས་རི་ཁྲོད་པ་རྣམས་བཅོམ་རབ་ཏུ་བཅོམ་སྟེ་རྨེག་བཏའ་ལགས་པས་བདག་ཅག་གློ་བ་དགའ་ན་གཞོན་ནུ་མཆོག་ཅི་བཞེད་གསུང་ཤིག་དབུལ་ལོ། །