10229

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྨེད་པ
Tibetan Definition (བརྡ་རྙིང) 1 འདྲི་བའི་བརྡ་རྙིང་དུ་བཤད་ཀྱང་། འདི་འདྲི་བ་དང་སྨྲ་བའི་དོན་གཉིས་ཀར་འཇུག འདུལ་བ་ལུང་གཞི་༼ ག་པ ༽༡༧༧བ༥ལས། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མཁྱེན་བཞིན་དུ་རྨེད་པ་ཡིན་པས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་རྨས་པ། ཀུན་དགའ་བོ་རྒྱུ་གང་དང་རྐྱེན་གང་གིས་ན་ད་ལྟར་དགེ་སློང་ཉུང་བར་གྱུར། ཞེས་དང་། 2 ཞིང་རྨོད་པའམ་རྨོ་བའི་དོན། འདུལ་བ་ལུང་གཞི་༼ ཁ་པ ༽ལས། ཇི་ཙམ་ནས་ཕྱོགས་ཤིག་ན་བྲམ་ཟེ་ཞིག་ཟན་མ་ཟོས་པར་ཞིང་རྨེད་པ་ན། ཞེས་གསུངས་པ་ལྟར་རོ། །