10250

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྩ་ཁ་བྱེ་བ
Tibetan Definition རྩ་དབུ་མའི་མར་སྣ་ཁ་བྱེ་བའི་དོན། དེ་ཡང་རྣལ་འབྱོར་པས་རོ་འཛིན་དང་སོར་མོ་རིང་པོ་གསུམ་སྦྲུལ་གྱི་མགོ་ལྟར་བྱས་ནས་ཕྱག་རྒྱ་མའི་བྱ་རོག་གདོང་ཡང་དང་ཡང་དུ་བསྐུལ་བའམ་དྲུད་པས་སྙིང་འདར་བ་དང༌། དགའ་བས་མྱོས་ཤིང་བྱང་སེམས་ཀྱི་རྒྱུན་ཕྲ་མོ་འཛག་ལ། ངོ་ཚ་བ་ལ་སོགས་པ་དང་བྲལ་ཏེ། བ་སྤུ་ལངས་ཤིང་ཤིན་ཏུ་ཆགས་པས་བལྟ་ཞིང་འཁྱུད་པ་དང་ནུ་མ་ནུ་བར་འགྱུར་ཞིང་སིད་སྒྲ་སྒྲོག་པ་རྣམས་ཡིན་ལ། དེ་རྣམས་ནི་སོར་མོ་དང་ལྕེས་བསྐུལ་བའི་རྩ་ཁ་བྱེ་བའི་རྟགས་ཡིན་ནོ། །རྗེའི་ཞལ་ཤེས་ལས་འབྱུང་བ་ལ་གཞི་བྱས་ཏེ་བཀོད། སྤྱིར་བཏང་རྩ་ཁ་བྱེ་བ་ཙམ་ནི་ཐ་མལ་པའི་ཆགས་པ་ཧ་ཅང་རྒྱས་པ་ལའང་འོང་བ་ཡིན་ནམ་སྙམ་མོ་དཔྱད།