10254

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྩ་གསུམ་འཁོར་ལོ་བཞི
Tibetan Definition (གསང་སྔགས) རྩ་གསུམ་ནི། རྩ་རོ་རྐྱང་དབུ་མ་གསུམ་མོ། འཁོར་ལོ་བཞི་ནི། སྤྱི་བོ། མགྲིན་པ། སྙིང་ག ལྟེ་བ་བཅས་ཀྱི་རྩ་འཁོར་དང་བཞིའོ། །དེ་ཡང་སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་འདབ་སོ་གཉིས། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་རྩ་འདབ་བཅུ་དྲུག སྙིང་ག་ཆོས་ཀྱི་འཁོར་ལོ་རྩ་འདབ་བརྒྱད། ལྟེ་བ་སྤྲུལ་པའི་འཁོར་ལོ་རྩ་འདབ་དྲུག་ཅུ་རྩ་བཞི་བཅས་སོ། །རྩ་གསུམ་འཁོར་ལོ་བཞིའི་རྣམ་གཞག་འདི་རྫོགས་རིམ་སྤྱིའི་ལུགས་ཡིན།