From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
རྩ་ཆེན་དྲུག
|
Tibetan Definition
|
ལྟེ་བ་ཡན་གྱི་རྩ་རོ་རྐྱང་དབུ་མ་གསུམ་དང༌། ལྟེ་བ་མན་གྱི་རྩ་རོ་རྐྱང་དབུ་མ་གསུམ་སྟེ་དྲུག་ལ་ཟེར། ཞིབ་པར་ཕྱེ་ན། ལྟེ་བ་ཡན་གྱི་དབུ་མ་ལ། སྒྲ་གཅན་དང༌། གཉིས་སྤངས་དང༌། ཨ་ཝ་དྷཱུ་ཏཱི་ཟེར། ཁ་དོག་ལྗང་ཁུ་ནམ་མཁའི་ཁམས་པ། གཙོ་བོར་རླུང་འབབ། གཡས་ཀྱི་རྩ་ལ་རོ་མ་དང༌། ར་ས་ནཱ་དང༌། ཉི་མའི་རྩ་ཟེར། ཁ་དོག་དམར་པོ་མེའི་ཁམས་པ། གཙོ་བོར་ཁྲག་འབབ། གཡོན་གྱི་རྩ་ལ། རྐྱང་མ་དང༌། ལ་ལ་ནཱ་དང༌། ཟླ་བའི་རྩ་ཟེར། ཁ་དོག་དཀར་པོ་ཆུའི་ཁམས་པ། གཙོ་བོར་ཁུ་བ་འབབ། ལྟེ་བ་མན་གྱི་དབུ་མ་གཡས་སུ་འཁྱོགས་ཏེ། རྟགས་ཀྱི་རྩེར་ཟུག་ཅིང༌། དེ་ལ་ཀུན་འདར་མ་དང༌། དུང་ཅན་མ་དང༌། དུས་མེ་ཟེར། ཁ་དོག་སྔོན་པ་ཡེ་ཤེས་ཀྱི་ཁམས་པ། གཙོ་བོར་ཁུ་བ་འབབ། གཡོན་གྱི་རྩ་དབུས་སུ་འཁྱོགས་ཏེ་རྟགས་ཀྱི་རྩེར་ཟུག་ཅིང༌། ལུག་ཅེས་བྱ་བ་ཁ་དོག་ནག་པོ་རླུང་གི་ཁམས་པ། གཙོ་བོར་དྲི་ཆུ་འབབ། གཡས་ཀྱི་རྩ་གཡོན་དུ་འཁྱོགས་ཏེ། བཤང་བའི་སྒོར་ཟུག་ཅིང༌། དམར་སེར་ཞེས་བྱ་བ། ཁ་དོག་སེར་པོ་སའི་ཁམས་པ། གཙོ་བོར་བཤང་བ་འབབ་པའོ། །
|