10258

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྩ་ཉོན་དྲུག
Tibetan Definition འདོད་ཆགས། ཁོང་ཁྲོ། ང་རྒྱལ། མ་རིག་པ། ལྟ་བ་ཉོན་མོངས་ཅན། ཐེ་ཚོམ་དང་དྲུག་གོ །མཛོད་ལས་འདི་ལ་ཕྲ་རྒྱས་དྲུག་ཟེར། སྒྲ་བཤད་ནི། འདི་ལ་རྩ་བ་ཟེར་བའི་རྒྱུ་མཚན་ནི་འཁོར་བའི་རྩ་བ་ཡིན་པས་ན་དེ་སྐད་ཅེས་བྱའོ། །མཛོད་རྩ་བ་ལས། སྲིད་པའི་རྩ་བ་ཕྲ་རྒྱས་དྲུག །འདོད་ཆགས་དེ་བཞིན་ཁོང་ཁྲོ་དང༌། ང་རྒྱལ་མ་རིག་ལྟ་བ་དང༌། །ཐེ་ཚོམ་ཡིན་ཏེ་དེ་དྲུག་ཀྱང༌། །འདོད་ཆགས་དབྱེ་བས་བདུན་དུ་བཤད། །ཅེས་གསུངས།