From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
རྩ་དབུ་མའི་ཡར་སྣེ
|
Tibetan Definition
|
2 ཡང་སྐབས་རེར་སྨིན་མཚམས་ལའང་བཤད་འཇུག འོ་ན་གཞུང་འགའ་ཞིག་ཏུ་རྩ་དབུ་མའི་ཡར་སྣེ་སྨིན་མཚམས་སུ་ཡོད་པར་བཤད་ལ། གཞན་དུ་སྤྱི་གཙུག་ཏུ་ཡོད་པར་བཤད་པ་ཇི་ལྟར་ཡིན་ཞེ་ན། དེ་ནི་སྤྱི་བོའི་རྩ་འཁོར་གྱི་རྩ་དབུ་མ་ལས་གྱེས་ཏེ་དེའི་ཚན་པ་གཅིག་སྤྱི་བོའི་ཚངས་པའི་བུ་ག་དང༌། དེའི་ཚན་པ་གཅིག་སྨིན་མཚམས་སུ་ཡོད་པར་བཤད་ཀྱང་འགལ་བ་མེད་དེ། དཔེར་ན་རོ་རྐྱང་དབུ་མ་གསུམ་སྤྱི་བོ་ནས་གསང་གནས་ཀྱི་སུམ་མདོའི་བར་དུ་ཡོད་ལ། དེ་ནས་གསུམ་དུ་གྱེས་ཏེ་ཚན་པ་གཉིས་རྐང་མཐིལ་གཉིས་དང༌། ཚན་པ་གཅིག་རྟགས་ཀྱི་རྩེར་ཡོད་པར་རྗེའི་གསུང་ཟིན་བྲིས་མ་རྒྱུད་ཀྱི་རྫོགས་རིམ་དཔྱིད་ཐིག་ལས་གསུངས་པ་དང་མཐུན་ནོ། །ཡང་ན། དེ་ནི་རྩ་དབུ་མ་ཚངས་བུག་ནས་སྨིན་མཚམས་སུ་ཁ་ཕྱོགས་ཏེ་ཡོད་པས་དེ་ལྟར་དུ་བཤད་པའོ། །རྩ་དབུ་མའི་ཡར་སྣ་ཞེས་འགྲེང་བུ་མེད་པར་བྱས་ཀྱང་འཐད།
|