From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
རྩ་བ་འབྱུང་བ་ལ་འདུག་པའི་ལྟུང་བྱེད
|
Tibetan Definition
|
(འདུལ་བ) འབའ་ཞིག་པ་དགུ་བཅུའི་བཅོ་བརྒྱད་པ། རྩ་བ་འབྱུང་བ་ལ་འདུག་པའི་ལྟུང་བྱེད་ཀྱི་ངོ་ཏི་ནི། བཅས་ལྡན་དགེ་སློང་གིས་དགེ་འདུན་དབང་བའི་གནས་མཚན་ཉིད་དང་ལྡན་པའི་སྟེང་གི་ཐོག་རྩ་བ་འབྱུང་བའི་གནས་སྐབས་དང་བཅས་པར་མནན་པར་འོས་པའི་རྩ་བ་ཕུར་བུ་ལྟ་བུའི་སྟེང་དུ་འདུག་པའམ་ཉལ་བ་ལས་གྱུར་བའི་ལྟུང་བ་དངོས་གཞིའོ། །གླེང་གཞི་ནི། མཉན་ཡོད་ནས་ཉེ་དགའ་ལྗོངས་རྒྱུ་ཞིང་སོང་ནས། རི་བྲག་གི་གཙུག་ལག་ཁང་གི་སྟེང་གི་ཐོག་ལ་ཁྲི་རྐང་གཙུགས་ཏེ། ཤུགས་དྲག་པོས་མནན་ཏེ་འདུག་པས་ཁྲི་རྐང་གིས་ཁང་ཐོག་བརྟོལ་བ་ལས་སོ། །དགག་བྱ་ནི་དགེ་འདུན་གྱི་གཙུག་ལག་ཁང་གི་སྟེང་གི་ཐོག་བུག་རྡོལ་དུ་འགྱུར་བའོ། །འདི་རྩ་བ་ཞེས་པ་ནི། ཁྲི་རྐང་གི་རྩ་བའམ་རྩེ་མོ་ཞེས་པ་ཡིན་ལ། འབྱུང་བ་ནི་འབུག་པའམ་འབིགས་པའི་དོན་ནོ། །ཁྲི་རྐང་གིས་ཁུང་འབིགས་པའི་སྟེང་དུ་མནན་ནས་འདུག་པ་ཞེས་བྱ་བའི་དོན་ནོ། །
|