10268

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྩ་བ་ཤེས་རབ
Tibetan Definition འཕགས་པ་ཀླུ་སྒྲུབ་ཀྱིས་མཛད། བསྟན་འགྱུར་༼ ཙ་པར ༽བཞུགས། ཞིབ་པར་བཤད་ན། དབུ་མ་རྩ་བའི་ཚིག་ལེའུར་བྱས་པ་ཤེས་རབ་ཅེས་བྱ་བ་སློབ་དཔོན་བདག་ཉིད་ཆེན་པོ་འཕགས་པ་ཀླུ་སྒྲུབ་མི་འཕྲོགས་པའི་མཁྱེན་རབ་དང་ཐུགས་རྗེ་ལྡན་པ་དེ་བཞིན་གཤེགས་པའི་ཐེག་པ་བླ་ན་མེད་པའི་ཚུལ་གསལ་བར་བྱེད་པ་རབ་ཏུ་དགའ་བའི་ས་བསྒྲུབས་ནས་བདེ་བ་ཅན་དུ་གཤེགས་པས་མཛད་པ། རྒྱ་གར་གྱི་མཁན་པོ་ཆེན་པོ་དབུ་མ་པ་ཛྙཱ་ན་གརྦྷ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་ཅོག་རོ་ཀླུའི་རྒྱལ་མཚན་གྱི་འགྱུར། འདི་ལ་རབ་ཏུ་བྱེད་པ་ཉི་ཤུ་རྩ་བདུན། ཤློ་ཀ་བཞི་བརྒྱ་བཞི་བཅུ་རྩ་དགུ། བམ་པོ་ཕྱེད་དང་གཉིས་སུ་བྱས་སོ། །སླད་ཀྱིས་གྲོང་ཁྱེར་དཔེ་མེད་ཀྱི་དབུས་གཙུག་ལག་ཁང་རིན་ཆེན་སྦས་པའི་དབུས་སུ་ཁ་ཆེའི་མཁན་པོ་ཧ་སུ་མ་ཏི་དང་། བོད་ཀྱི་སྒྲ་སྒྱུར་གྱི་ལོ་ཙཱ་བ་པ་ཚབ་ཉི་མ་གྲགས་ཀྱིས་འགྲེལ་པ་ཚིག་གསལ་དང་བསྟུན་ནས་བཅོས་པ་དང་། སླད་ཀྱིས་ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་དུ་ལོ་ཙཱ་བ་དེ་ཉིད་ཀྱིས་ཞུ་ཆེན་བགྱིས་པའོ། །