1027

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གནས་ངན་ལེན་འཆབ་པའི་ལྟུང་བྱེད
Tibetan Definition (འདུལ་བ) འབའ་ཞིག་པ་དགུ་བཅུའི་ལྔ་བཅུ་པ། གནས་ངན་ལེན་འཆབ་པའི་ལྟུང་བྱེད་ཀྱི་ངོ་ཏི་ནི། བཅས་ལྡན་དགེ་སློང་གིས་མཐོལ་ཡུལ་མཚན་ཉིད་དང་ལྡན་པ་ཡོད་པའི་གནས་སུ་དགེ་སློང་གཞན་གྱིས་ཕམ་པའམ་དགེ་འདུན་ལྷག་མ་བཅབས་ཏེ་མཚན་མོ་འདས་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །གླེང་གཞི་ནི། མཉན་ཡོད་དུ་ཉེ་དགས་གནས་ངན་ལེན་བཅབས་པ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་རང་རིགས་ཀྱི་ཚུལ་ཁྲིམས་ལ་གནོད་པའོ། །འདིའི་གནས་ངན་ལེན་ཞེས་པ་ཕམ་ལྷག་གི་ལྟུང་བ་ལ་ཟེར།