From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
རྩ་བའི་སྔགས་ཀྱི་བསྟོད་པ
|
Tibetan Definition
|
རྗེའི་དགེ་འདུན་གྲུབ་པའི་སྒྲོལ་མ་ཉེར་གཅིག་ཊཱིཀ་རིན་པོ་ཆེའི་ཕྲེང་བ་༢ན་ལས། རྩ་བའི་སྔགས་ཀྱི་བསྟོད་པ་ནི། ན་མ་སརྦ་ཏཱ་ཐཱ་ག་ཏཱ་ནཱཾ། ཏ་དྱ་ཐཱ། ༀ་ན་མོ་སུ་ཀ་ས་ན་མ་ཏཱ་རེ་པཱ་ར་མི་ཏ་ཞེས་པ་འདི་ཡིན་ཞེས་འགའ་ཞིག་གསུང་ལ། སྤང་ལོ་ཆེན་པོ་ནི། ༀ། ཕྱག་འཚལ་སྒྲོལ་མ་ཏཱ་རེ་དཔའ་མོ། །ཏུཏྟཱ་ར་ཡི་འཇིགས་པ་ཀུན་སེལ། །ཏུ་རེས་དོན་རྣམས་ཐམས་ཅད་རབ་སྟེར། །སྭཱ་ཧཱ་ཡི་གེར་བཅས་ལ་རབ་འདུད། །ཅེས་པ་རྒྱ་དཔེ་ལ་ཡོད་པ་སྤང་ལོས་བསྒྱུར་བ་འདི་ཡིན་གསུང་ཡང་། རྩ་བའི་སྔགས་ཀྱི་བསྟོད་པ་ནི། འདིར་བསྟན་སྔགས་དང་སྤེལ་བའི་བསྟོད་ཚིག་ཉི་ཤུ་པོ་འདི་ཡིན་ལ། ཕྱག་འཚལ་ཉི་ཤུ་རྩ་གཅིག་ནི། དེ་སྤེལ་བའི་ཕྱག་འཚལ་ཉི་ཤུ་རྩ་གཅིག་པོ་ཡིན་ཞེས་བླ་མ་རྣམས་གསུང་ངོ་། །ཞེས་གསུངས་སོ། །རྗེའི་དགེ་འདུན་རྒྱ་མཚོའི་སྒྲོལ་མའི་རྣམ་བཤད་ལས། རྩ་བའི་སྔགས་ནི། སྔར་ཞི་ཁྲོའི་སྔགས་བསྟན་པ་རྣམས་ལ་རྗེ་བཙུན་གྲགས་རྒྱལ་འཆད་ཅིང་། ཁ་ཅིག་སྒྲོལ་མའི་རྩ་སྔགས་རྐང་པ་བཞི་པ་ཞིག་སྣང་བ་ཡིན་ཟེར་ལ། འདི་དང་ཞེས་པའི་ཉེ་ཚིག་ལ་དཔགས་ན་སྔ་མ་ལྟར་ཡིན་ནམ་སྙམ་མོ། །ཞེས་གསུངས་སོ། །
|