10290

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྩ་འཁོར
Tibetan Definition ལུས་ཀྱི་རྩ་གནས་སྡེ་ཚན། སྒྲ་བཤད་ནི། རྩ་འདབ་ཀྱི་དབྱིབས་འཁོར་ལོ་ལྟ་བུར་ཡོད་པས་སམ་གནད་བཅིངས་ནས་དེ་ལ་གནད་དུ་བསྣུན་པས་གནས་སྐབས་སད་གཉིད་རྨི་ལམ་སྙོམས་འཇུག་གི་གནས་སྐབསབཞིའི་འཁྲུལ་པ་གཅོད་པས། རིམ་བཞིན་སད་པ་སྤྲུལ་སྐུའི་དགོངས་པ་འཆར། གཉིད་མཐུག་འོད་གསལ་ཆོས་སྐུའི་དགོངས་པ་འཆར། རྨི་ལམ་ལོངས་སྐུའི་དགོངས་པ་འཆར། སྙོམས་འཇུག་བདེ་བ་ཆེན་པོའི་སྐུའི་དགོངས་པ་འཆར། འཁོར་ལོས་མི་མཐུན་ཕྱོགས་གཅོད་པ་དང་བྱེད་ལས་ཆོས་མཚུངས་པའི་དོན་གྱིས་འཁོར་ལོ་ཞེས་བརྗོད་པ་ཡིན་པར་གསུངས་སོ། །