From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
རྩ་འཁོར་བདུན
|
Tibetan Definition
|
༡ གཙུག་ཏོར། ༢ སྤྱི་བོ། ༣ མགྲིན་པ། ༤ སྙིང་ག ༥ ལྟེ་བ། ༦ གསང་གནས། ༧ ནོར་བུའི་དབུས་ཀྱི་རྩ་འཁོར་དང་བདུན་ནོ། །གཙུག་ཏོར་ན་རྩ་འདབ་བཞི། སྐབས་འདིར་གཙུག་ཏོར་ཞེས་པ་མགོའི་སྐྲ་འཁྱིལ་ཡོད་ས་དེ་ལ་ཟེར་གྱི། སངས་རྒྱས་ཀྱི་དབུའི་གཙུག་ཏོར་ལྟ་བུར་གོ་རྒྱུ་མིན་ནོ། །སྤྱི་བོར་རྩ་འདབ་སོ་གཉིས། འདིའི་སྤྱི་བོ་ཞེས་པ་དཔྲལ་བའི་ཐད་ལ་གོ་དགོས། མགྲིན་པར་བཅུ་དྲུག སྙིང་གར་བརྒྱད། ལྟེ་བར་དྲུག་ཅུ་རྩ་བཞི། གསང་གནས་སུ་སོ་གཉིས། ནོར་བུའི་དབུས་སུ་རྩ་འདབ་བརྒྱད་དེ་བདུན་ནོ། །རྗེའི་གསུང་ཟིན་བྲིས་མ་རྒྱུད་ཀྱི་རྫོགས་རིམ་དཔྱིད་ཀྱི་ཐིག་ལེར་གསུངས་པ་ལ་གཞི་བྱས་ཏེ་བཀོད། སྦྱོར་བ་ཡན་ལག་དྲུག་གི་ཁྲིད་ཟབ་མོའི་དམིགས་རིམ་གྱི་ལག་རྗེས་ཞེས་བྱ་བ་ལས་ཀྱང་དེ་བཞིན་དུ་གསུངས། རྩ་འཁོར་བདུན་མ་འདི་མན་ངག་སྙེ་མ་ལས་བཤད་ཅེས། རྗེའི་གསུང་ཟིན་བྲིས་རྫོགས་རིམ་དཔྱིད་ཀྱི་ཐིག་ལེར་གསུངས་སོ། །
|