From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
རྩ་རྐྱང་མ
|
Tibetan Definition
|
<ལ་ལཱ་ན> རྩའི་གཙོ་མོ་གསུམ་གྱི་ཡ་གྱལ་ཞིག དེ་ནི་ཁ་དོག་དཀར་པོ། ལྟེ་བ་ཡན་དུ་རྩ་དབུ་མའི་གཡོན་དུ་གནས་ཤིང༌། ལྟེ་འོག་ནས་དབུ་མའི་གཡས་སུ་འཁྱོགས་ཏེ་ཕོ་མོ་གང་ཡིན་གྱི་རྟགས་ཀྱི་རྩེར་སོང་ནས་དྲི་ཆུ་དང་ཁུ་ཁྲག་འཕེན་འཛིན་བྱེད་ཅིང༌། གཙོ་བོར་ཁྲག་དང་ཅུང་ཟད་འདྲེས་པའི་ཁུ་བ་ཤས་ཆེར་འབབ་པའི་རྩ་ཞིག་གོ། མིང་གི་རྣམ་གྲངས་ནི། རྩ་རྐྱང་མ། ལ་ལཱ་ན། གཟུང་བའི་རྩ། སྐུ་ཡི་རྩ། གཡོན་གྱི་རྩ། སྐྱེས་པའི་རྩ། ཟླ་བའི་རྩ། ཐབས་ཀྱི་རྩ། སྙིང་སྟོབས་ཀྱི་རྩ་རྣམས་སོ། །རྩ་རྐྱང་མ་ལ། སྐྱེས་པའི་རྩ་དང༌། ཟླ་བའི་རྩ། ཐབས་ཀྱི་རྩ། སྙིང་སྟོབས་ཀྱི་རྩ་ཞེས་བརྗོད་པའི་རྒྱུ་མཚན་ནི། ཁུ་བ་གཙོ་བོར་འབབ་པའི་ཆ་ནས་ཡིན་པ་འདྲའོ། །ཞེས་རྗེའི་གསུང་ཟིན་བྲིས་མ་རྒྱུད་ཀྱི་རྫོགས་རིམ་དཔྱིད་ཀྱི་ཐིག་ལེ་ལས་གསུངས། རྐྱང་མ་ཁ་དོག་དཀར་པོ་ཡིན་པའི་རྒྱུ་མཚན་ནི། དེའི་ནང་ནས་ཁུ་བ་གཙོ་བོར་འབབ་པའི་རྒྱུ་མཚན་གྱིས་ཡིན་ནོ། །
|