10309

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྩ་སད་པ
Tibetan Definition (གསང་སྔགས) རྩ་ཁ་ཕྱེ་བའི་དོན་ཡིན། སྤྱིར་སད་པ་ནི་གཉིད་སད་པ་དང༌། བརྟག་དཔྱད་དམ་ཚོད་ལྟ་བྱེད་པ། རྒྱས་པའི་དོན་བཅས་ལ་འཇུག་པ་ལས་འདིར་ཕྱི་མའོ། །རྗེའི་ཞལ་ཤེས་གནད་ཀྱི་ཐིམ་ཡིག་ལས། དེ་ལྟར་རྩ་དབུ་མ་སད་པའི་ཕྱག་རྒྱ་དང་ཐབས་སྙོམས་པར་ཞུགས་པས་ན་ཕྱག་རྒྱའི་རྩ་སད་པའི་རྐྱེན་དེས་ཐབས་ཀྱི་རྩ་ཨ་བ་དྷཱུ་ཏཱི་སད་པར་འགྱུར་ལ། དེ་སད་ན་རོ་རྐྱང་གཉིས་ཁ་ཟུམ་པ་ཆོས་ཉིད་ཡིན་ཅིང༌། ཞེས་གསུངས་པ་ལྟར་རོ། །