1032

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གནས་ཉེར་བཞི
Tibetan Definition སྐྲ་མཚམས། སྤྱི་བོ། རྣ་བ་གཡས་གཡོན་གཉིས། ལྟག་པ། སྨིན་མཚམས་མིག་གཉིས་དང༌། ཕྲག་པ་གཉིས་དང་བརྒྱད་ནི་ཐུགས་ཀྱི་གནས་སོ། །མཆན་ཁུང་གཉིས། ནུ་མ་གཉིས། ལྟེ་བ། སྣ་རྩེ། ཁ། མགྲིན་པ། སྙིང་ཁ། འབྲས་བུ་གཉིས་དང་བརྒྱད་གསུང་གི་གནས་སོ། །རྟགས་ཀྱི་རྩེ། བཤང་ལམ། བརླ་གཉིས། མཐེ་བོང་བཞི། པུས་མོ་གཉིས་དང་བཞི་སྟེ་བརྒྱད་ནི་སྐུའི་གནས་སོ། །དེ་དག་ལ་སྙིང་ཁའི་རྩ་འདབ་བརྒྱད་ལས་རྩ་གྱེས་ཏེ་གནས་དེ་དག་ཏུ་ཟུག་པས་གནས་ཉེར་བཞིའི་རྩ་ཞེས་ཟེར་རོ། །ཉེར་བཞི་པོ་དེ་རེ་རེ་ལ་སྐུ་གསུང་ཐུགས་ཀྱི་རྩ་གསུམ་གསུམ་སྟེ་ཉེར་བཞི་ཚན་པ་གསུམ་དུ་ཕྱེ་བས་རྩ་བདུན་ཅུ་དོན་གཉིས། དོན་གཉིས་པོ་རེ་རེ་ལའང་སྟོང་ཕྲག་རེ་རེ་ཕྱེ་བས་རྩ་སྟོང་ཕྲག་བདུན་ཅུ་དོན་གཉིས་སོ། །