From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
རྩེག་པ
|
Tibetan Definition
|
(བྱེད་འབྲེལ་ལས་ཚིག) 1 གཅིག་ཐོག་གཅིག་འཇོག་པའི་དོན། དོ་པོ་རྩེག་ཅེས་པ་ལྟ་བུ། རྩེག་པ། བརྩེགས་པ། བརྩེག་པ། རྩེགས། 2 འཛེམ་པ། གཙིགས་ཆེན་པོ་བྱེད་པ། བརྩི་བ། རྩི་བ། བརྩིས་པ། དངུལ་ལ་མ་བརྩེགས་པར་དངོས་ཆས་སྤུས་དག་ཉོ་དགོས་ལྟ་བུ། ཕལ་སྐད་དུ་དངུལ་ལ་མ་རྩག། དངུལ་ལ་རྩག་རྩག་མ་བྱེད་ཟེར་བ་དེའོ། །ལམ་རིམ་མཆན་བཞི་སྦྲགས་༼ ག་པ ༽༣བ༣ལས། སློབ་མ་ལ་སྤྲིངས་པ་ལས། (ཐེག་མི་ཐེག་ཅེས) ཁུར་ལ་མི་རྩེག་ (པའམ་མི་རྩེག་པར) ས་ཡིས་འཇིག་རྟེན་འདེགས་པ་གང་ཡིན་དེ། །རང་དོན་འགའ་མེད་ཆེན་པོ་རྣམས་ཀྱི་རང་བཞིན་དེ་འདྲ་སྟེ། །ཞེས་གསུངས་པ་ལྟར་རོ། །
|