10363

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྩོད་ལྡན་དུས
Tibetan Definition <ཀ་ལི་ཡུ་གཾ> མ་ཧཱ་བྷཱ་ར་ཏའི་གཏམ་རྒྱུད ( Mahābhārata महाभारत ) ཀྱི་སྐབས་སུ་བྱུང་བའི་ཀུ་རུའི་ཡུལ་གྱི་གཡུལ་འཐབ་ ( कुरुक्षेत्र युद्ध Kurukshetra War ཀུ་རུཀྵེ་ཏྲ། ཡུདྡྷ) བྱུང་བ་ནས་བཟུང་། རྩོད་དུས་འགོ་ཚུགས་སོ། །འདི་ལ་ལེགས་སྦྱར་དུ་ “ཀ་ལི་ཡུག” ཟེར། དམག་འཐབ་དེ་ཡང་ “ཀཱཽ་ར་ཝ” (कौरव ) འམ་དམག་བརྒྱ་པའི་བུ་དང་། “པཱཎ་ཌཝ” ( पाण्डव ) འམ་སྐྱ་སེང་བུ་ལྔ་སྟེ། བུ་སྤུན་རྒན་གཞོན་གྱི་བུ་ཕྲུག་cousinsགྱི་དབར་རྒྱལ་སྲིད་ཀྱི་དོན་དུ་ཁ་མ་འཆམས་པར་རྩོད་པ་བྱུང་བ་ལ་བརྟེན་ནས་རྩོད་ལྡན་གྱི་དུས་བྱུང་བ་ཡིན་ནོ། །རྩོད་ལྡན་ལ་༤༣༢༠༠༠བཞི་འབུམ་སུམ་ཁྲི་ཉིས་སྟོང་ཡོད་པར་དུས་འཁོར་ལས་གསུངས། ཞེས་མངོན་བརྗོད་མཁས་པའི་རྣ་རྒྱན་ལས་གསུངས་མོད། འདི་ནི་ཧིནྡཱུའི་གཞུང་ལུགས་སུ་འབྱུང་བའི་ཐ་སྙད་དེ་རང་ནང་པས་ཚུར་བླངས་པའོ། །ཀུ་རུའི་ཡུལ་ (ཀུ་རུཀྵེ་ཏྲ) ཞེས་པ་ནི། དེང་སང་རྒྱ་གར་གྱི་མངའ་སྡེ་ “ཧ་རི་ཡཱ་ཎཱ” हरियाणा Haryana ཟེར་བ་དེ་ཡིན་པར་བཤད་དོ། །མདོར་ན་རྩོད་དུས་ནི་བདག་ཅག་གི་སྟོན་པ་མཉམ་མེད་ཤཱཀྱའི་རྒྱལ་པོ་མ་བྱོན་གོང་ལོ་ཉིས་སྟོང་ལྔ་བརྒྱ་ཙམ་གྱི་སྔོན་རོལ་ནས་བྱུང་ངོ་། །རྩོད་ལྡན་དུས། རྩོད་དུས། སྙིགས་དུས། སྙིགས་མའི་དུས། སྙིགས་མ་ལྔའི་དུས། སྙིགས་མ་ལྔ་བདོའི་དུས་རྣམས་དོན་འདྲའོ། །