10390

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྫས་མཚུངས་པ
Tibetan Definition རྫས་རེ་རེ་བར་མཚུངས་པ་ཞེས་པའི་དོན་ཡིན། དེ་ཡང་གཙོ་སེམས་གཅིག་གི་འཁོར་དུ་ཚོར་བ་ལྟ་བུ་གཅིག་ཁོ་ན་འབྱུང་གི་རིགས་མཐུན་གཉིས་མི་འབྱུང་བའི་དོན་ནོ། །དེ་ཡང་དམིགས་པ་གཅིག་རྟོགས་པ་ལ་གཙོ་འཁོར་རིགས་མཐུན་རེ་རེ་ཁོ་ནས་འགྲུབ་ཀྱི་གཞན་མི་དགོས་པས་གནད་ཀྱིས་ཡིན། མཆིམས་མཛོད་༢༠༤ལས། འདིར་རྫས་མཚུངས་པའི་ཕྱིར་མཚུངས་པ་ཞེས་རྣམ་པར་ཤེས་པ་གཅིག་གི་དེ་མ་ཐག་ཏུ་རྣམ་པར་ཤེས་པ་གཅིག་དང༌། ཚོར་བ་གཅིག་གི་དེ་མ་ཐག་ཏུ་ཚོར་བ་གཅིག་འབྱུང་བལ་སོགས་པའོ། །ཞེས་གསུངས་པ་ལྟར་རོ། །ཡང་ན་རྫས་མཚུངས་པ་ནི། རིགས་འདྲ་གྲངས་མཉམ་པ་སྟེ་མིག་ཤེས་རྫསགཅིག་ཡིན་པ་བཞིན་དུ་དེའི་འཁོར་ཚོར་བའང་རྫསགཅིག་ཁོ་ན་ཡིན་པར་མཚུངས་པའི་དོན་ནོ། །བཤད་ཚུལ་གཉིས་ཀའང་དོན་ལ་འདྲ་བར་སྣང་ངོ༌། །