From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
རྫས་རིགས་གཅིག
|
Tibetan Definition
|
ཉེར་ལེན་གཅིག་ལས་སྐྱེས་པའི་དངོས་པོ་ཐ་དད་པ་ལ་རྫས་རིགས་གཅིག་པ་ལ་ཟེར། མཁས་གྲུབ་ཆོས་རྗེའི་སྡེ་བདུན་ཡིད་ཀྱི་མུན་སེལ་ལས། རྫས་རིགས་མཐུན་པ་སོགས་སུ་འཇོག་པ་ནི། ཉེར་ལེན་གཅིག་ལས་སྐྱེས་པས་འཇོག་པ་ཡིན་པས། ཉེར་ལེན་གཅིག་ལས་སྐྱེས་པའི་དངོས་པོ་ཐ་དད་པ་རྣམས་ཕན་ཚུན་རྫས་ཀྱི་རིགས་མཐུན་པ་དང་གཅིག་པ་དང་འདྲ་བ་ཞེས་བྱའོ། །དེའི་ཕྱིར་ནས་ཀྱི་ས་བོན་འབྲུ་གཅིག་གིས་བསྐྲུན་པའི་སྡོང་བུ་ལས་འོངས་པའི་ནས་འབྲུ་ཐ་དད་དག་ལྟ་བུ་ནི་ཉེར་ལེན་གཅིག་ལས་སྐྱེས་པའི་ཕྱིར་དང་། ཕན་ཚུན་ཐ་དད་པའི་ཕྱིར། རྫས་རིགས་མཐུན་པ་ཞེས་བྱ་ལ། ཞེས་གསུངས་པ་ལྟར་རོ། །
|