From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
རྫིའུ་ཚོས
|
Tibetan Definition
|
1 རྫ་མ་ཆུང་ངུའི་ནང་གཟབ་གཟབ་བྱས་ཏེ་བཙོས་པའི་རྣམ་གྲངས་མང་ལ་ཟས་བཅུད་ཆེ་བའི་ཁ་ཟས་ཀྱི་མིང་། རིན་ཆེན་ཕྲེང་བ་ལས། རྫིའུ་ཚོས་སུམ་བརྒྱའི་ཁ་ཟས་དག །ཉིན་རེ་དུས་གསུམ་བྱིན་པས་ཀྱང་། །བྱམས་པ་ཡུད་ཙམ་ཐང་ཅིག་གི །བསོད་ནམས་དག་ལ་ཆར་མི་ཕོད། །ཅེས་གསུངས། དེའི་ཐད་ཀྱི་རྒྱལ་ཚབ་ཆོས་རྗེའི་རིན་ཆེན་དར་ཊཱིཀ་༥༠བ༦ལས། འབྲས་ཐུག་གི་ཕྲུ་བ་བྲེ་བཅུ་ལྷག་བཙོར་བཏུབ་པ་སུམ་བརྒྱ་བཙོས་པ་དེ་ལ་ཚོད་མའི་སྣ་གྲངས་ཀྱང་དྲུག་ཅུ་དང་ལྡན་པའི་རྫིའུ་ཚོས་སུམ་བརྒྱའི་ཁ་ཟས་དག་ཉིན་རེ་དུས་གསུམ་དུ་བྱིན་པས་ཀྱང་སེམས་ཅན་བདེ་བ་དང་ལྡན་འདོད་ཀྱི་བྱམས་པ་ཡུད་ཙམ་དང་ཐང་གཅིག་གི་བསོད་ནམས་དག་ནི་ཆར་མི་ཕོད་དོ། །ཞེས་གསུངས་སོ། །
|