10427

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྫོགས་ཆེན
Tibetan Definition དྲི་མ་ཐམས་ཅད་དང་བྲལ་བའི་ད་ལྟའི་རིག་པ་གསལ་སྟོང་རྗེན་པ་འདི་ལ་རྫོགས་པ་ཆེན་པོ་ཟེར། སྒྲ་བཤད་ནི། སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་རིག་པ་སྟོང་པ་འདིའི་ནང་དུ་རྫོགས་པས་ན་རྫོགས་པ་དང༌། དེ་ལས་ལྷག་པའི་འཁོར་བ་ལས་གྲོལ་བའི་ཐབས་གཞན་མཆོག་ཏུ་གྱུར་པ་མེད་པས་ན་ཆེན་པོ་ཟེར། ཕྱག་ཆེན་སྨོན་ལམ་གྱི་འགྲེལ་པ་སི་ཏུ་བསྟན་པའི་ཉིན་བྱེད་ཀྱིས་མཛད་པ་ལས། འདི་ལ་དགོངས་ནས་བདེ་གཤེགས་ཕག་མོ་གྲུ་པས། འཁོར་དང་མྱ་ངན་འདས་པའི་ཆོས། །སེམས་སུ་རྫོགས་པས་རྫོགས་ཆེན་ཡིན། །ཞེས་གསུངས་པ་བཞིན་ནོ། །ཞེས་གསུངས་སོ། །ཀརྨ་པ་མི་བསྐྱོད་རྡོ་རྗེའི་རྩོད་ཡིག་ལས། སྤྱིར་བསྟན་པ་རིན་པོ་ཆེ་འདི་ལ་ཐེག་དམན་ཉན་རང་གཉིས། ཐེག་ཆེན་བྱང་སེམས། ཁྱད་པར་རྣལ་འབྱོར་གྱི་ཐེག་པ་དང་བཅས་པས་ཐུབ་པའི་གཙུག་ལག་མཐའ་དག་བསྡུས་པར་བསྟན་ལ། འདི་དག་ཏུ་མ་འདུས་པའི་རྒྱལ་བ་བསྟན་པ་གཞན་འགའ་ཡང་མ་མཆིས་ཤིང་། ཐུབ་པའི་དབང་པོའི་སྐྱེས་རབས་ཕལ་ཆེར་བསྟན་པ་འདུལ་བ་ལུང་དང་། ཐུགས་བསྐྱེད་ཚུལ་སྟོན་པ་བསྐལ་བ་བཟང་པོ་དང་། མཛད་པ་བཅུ་གཉིས་བྱེ་བྲག་ཏུ་སྟོན་པ་མངོན་འབྱུང་གི་མདོ་ལ་སོགས་པ་མདོ་སྡེ་རྒྱུད་སྡེ་མཐའ་དག་ལས་ཀྱང་ཐུབ་པས་རྫོགས་ཆེན་ཐེག་པའི་ཆོས་འཁོར་བསྐོར་ཅེས་ཅུང་ཟད་ཙམ་ཡང་མི་སྣང་བ་དང་། ཁྱད་པར་འཕགས་པའི་ཡུལ་ལ་རྫོགས་ཆེན་མི་སྣང་ཞེས་ལོ་ཆེན་རིན་བཟང་དང་། འགོས་ལོ། རྔོག་ལོ་སོགས་ཕལ་མོ་ཆེའི་བསྟན་བཅོས་ལས་བྱུང་བས་དེང་སང་བོད་ན་གསང་སྔགས་སྔ་འགྱུར་དུ་གྲགས་པའི་བཀའ་མ་མང་པོ་ཞིག་དང་། གཏེར་སྟོན་གྱིས་བཏོན་པར་གྲགས་པའི་ཆོས་ལུགས་བགྲང་གིས་མི་ལང་བ་ཤིན་ཏུ་མང་བ་ཅིག་འདུག་པས། རྙིང་མ་རྒྱ་གར་ན་ཡོད་པའི་གཏན་ཚིགས་ངེས་པ་ཅན་སྨྲ་རྒྱུ་ཅི་ཡོད། ཅེས་སོགས་གསུངས་པ་དེ་དག་དོན་ལ་གནས་མི་གནས་སོགས་དཔྱད་པར་འོས་སོ། །དཔྱད་པ་ནི་རང་གཞན་སུའི་ལུགས་ལའང་བྱ་དགོས་ཤིང་གལ་ཡང་ཤིན་ཏུ་ཆེ་བས། སྟག་ཚང་པས་རྗེ་རིན་པོ་ཆེར་འགལ་བའི་ཁུར་ཆེན་བཅོ་བརྒྱད་ཡོད་ཚུལ་གྱི་རྩོད་ཡིག་ཀྱང་བློ་སྐྱེད་ཀྱི་གཞིར་འདིར་བཀོད་ཡོད་དོ། །རང་ལ་ཆོས་མཐུན་གྱིས་རྒོལ་བ་དག་ལ་བློ་སྐྱེད་སྦྱིན་པའི་ཆོས་གྲོགས་སུ་བལྟ་རྒྱུ་ལྟ་ཞོག་དགྲ་བོའི་དྭངས་མར་བལྟ་བའི་ངང་ཚུལ་འདི་ནི་ཤིན་ཏུ་ཡིད་མུག་པའི་གནས་སོ། །