10445
Jump to navigation
Jump to search
རླིངས་པ | |
Tibetan Definition | ཕྱིང་པའི་རྣམ་པ་ལྟ་བུའི་གདན་ཞིག་ལ་ཟེར། འདི་ལ་བླིངས་པ་ཞེས་ཀྱང་འབྲི་སྟེ། འདུལ་བ་རྣམ་པར་འབྱེད་པའི་ཚིག་རྣམ་པར་བཤད་པ་༼ ཚུ ༽༡༢༠ན༢ལས། བླིངས་པ་ཞེས་བྱ་བ་ནི་ཕྱིང་པའི་རྣམ་པ་ལྟ་བུའོ། །ཞེས་གསུངས། དེའི་ཐད་ཀྱི་ལུང་རྣམ་འབྱེད་༼ ཆ ༽༡༢༧ན༦ལས། སྲིན་བལ་གྱི་སྟན་ཞེས་བྱ་བ་ནི་སྟན་གཉིས་ཏེ། ནང་ཚངས་ཅན་དང་། རླིངས་པ་སྟེ། དོན་འདིར་ན་གཉིས་ཀ་ཡིན་པར་དགོངས་སོ། །ཞེས་གསུངས་སོ། ། |
---|