10462

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རླུང་བུམ་པ་ཅན
Tibetan Definition རླུང་གི་རྣལ་འབྱོར་ཞིག རླུང་ཁ་སྦྱར། ཁ་སྦྱར། རླུང་བུམ་པ་ཅན་རྣམས་མིང་གི་རྣམ་གྲངས་ཡིན། སྒྲ་བཤད་ནི། སྟེང་འོག་གི་རླུང་ལྟེ་འོག་ཏུ་ཆིར་གྱིས་མནན་ཏེ་དབྱིབས་བུམ་པ་ལྟར་ཡོད་པས་དེ་སྐད་ཅེས་བྱའོ། །དེ་བསྒོམ་ཚུལ་ནི། ལུས་དྲང་པོར་བསྲང་སྟེ། ལག་པ་གཉིས་ཀྱི་མཐེབ་ཆེན་ནང་དུ་དགུག ཐད་ཀ་ནས་རླུང་ཤིན་ཏུ་དལ་ལ་རིང་བར་ནང་དུ་བརྔུབས་ཏེ། ལྟེ་འོག་ཙམ་དུ་མཆིལ་མ་སྒྲ་མེད་ཅིག་མིད་ནས་ཆིར་གྱིས་མནན། དེའི་རྗེས་སུ་འོག་རླུང་ལྟེ་འོག་ཏུ་མི་དྲག་པ་ཞིག་དྲངས་ཏེ། ཁ་སྦྱར་དུ་བཟུང༌། ཤེས་པ་ལྟེ་བའི་རྩ་འཁོར་གྱིས་དབུས་སུ་གཏད་ལ། ནུས་ཚད་དུ་འཛིན་པ་ནི་བུམ་པ་ལྟར་གང་བ་སྟེ། རླུང་མི་ཐུབ་པ་ན་ཁ་ནས་ཡེ་མ་ཤོར་བར་སྣ་སྒོ་ནས་དལ་བུས་གཏོང་བ་ནི། དམིགས་གསལ་མེད་པ་ཐམས་ཅད་དུ་ཤེས་པར་བྱའོ། །ཞེས་རྗེའི་གསུང་ལྟར་བཀོད། རླུང་གི་རྣལ་འབྱོར་ལ་དུས་འཁོར་ནས་རླུང་བུམ་པ་ཅན་ལ་རྩལ་དུ་འདོན་པ་དང༌། འཕགས་སྐོར་གྱི་གཞུང་ནས་རྡོ་རྗེ་བཟླས་པ་སོགས་ལ་རྩལ་དུ་འདོན་པར་རྗེའི་གསུང་རྫོགས་རིམ་དཔྱིད་ཀྱི་ཐིག་ལེ་ན་གསལ།