10496

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལ་འུར
Tibetan Definition <ལ་ཧུ> མགྱོགས་པོ། མྱུར་བ། རིངས་པ། ལ་འུར་དང་། ལ་གོར། ལ་མོ་རྣམས་དོན་གཅིག་ཡིན་པར་སེམས། གལ་ཏེ་མི་དགེ་བའི་སེལ་ཞུགས་ན་ལ་འུར་བཤགས་སྡོམ་བྱས་ལ། དགེ་བ་ཇེ་འཕེལ་དུ་གཏོང་དགོས་ཞེས་པ་ལྟ་བུ། འདི་ལེགས་སྦྱར་གྱི་ <ལ་ཧུ> ཞེས་པ་ཡང་བའམ་མྱུར་བའི་སྐད་དོད་དེ་ཟུར་ཆག་པར་སེམས་ཏེ། མྱུར་བའི་དོན་དུ་གོ་བའི་ལ་གོར་དང་། ལ་མོ་གཉིས་ལེགས་སྦྱར་གྱི་ལ་ཧུ་ཟུར་ཆག་པར། སྐྱོགས་སྟོན་ལོ་ཙཱའི་དག་ཡིག་ལི་ཤིའི་གུར་ཁང་དུ་བཤད་པ་དེས་ཤེས་ནུས་སོ། ། མཁས་གྲུབ་རིན་པོ་ཆེའི་གསུང་ཐོར་བུ་«སྨྲ་བ་རྣམ་པར་ངེས་པ་རབ་དགའི་འཇུག་པ»ལས། ལ་གོར་ཤོག་ལ་ལ་འུར་ཤོག །ཟེར་བ་བླུན་པོའི་ཡུལ་སྐད་ཡིན། །ཞེས་ཡུལ་སྐད་ཡིན་པར་གསུངས་སོ། །