10513

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལག་པ
Tibetan Definition 2 དཔུང་པའི་སྣེ་མོ་ནས་མཛུབ་མོའི་རྩེའི་བར་གྱི་ཆ་ཤས་ཀྱི་མིང་། དབྱིན་སྐད་དུ་ arm ཟེར་བ་དེའོ། །ལག་པ་རིང་། ཕྱག་རིང་ཞེས་པ་ལྟ་བུ། འཇིག་རྟེན་གྱི་ཁ་དཔེར། ལག་རིང་ཕུ་ཐུང་ཐུང་། ཞེས་པའི་དཔེ་ཡོད་པ་ལྟར་རོ། །རྗེའི་འཇམ་དབྱངས་བསྟོད་རྒྱ་མཚོ་ལས། དཔུང་པའི་མགོ་ནི་ལེགས་པར་ཟླུམ་པའི་ཕྱག །གླང་པོའི་རྒྱལ་པོའི་སྣ་ལྟར་རིང་ཞིང་མཛེས། །ཞེས་གསུངས་པ་ལྟར་རོ། །བོད་རྒྱ་ཚིག་མཛོད་ཆེན་མོར། ལག་པའི་གོ་དོན་ལ། ལུས་ཀྱི་ཡན་ལག་གི་མདུན་མ། ཞེས་གསུངས་པ་ནི་ཤིན་ཏུ་གོ་མི་བདེ་བ་ཞིག་འདུག་པས་བསྐྱར་བཅོས་དགོས་སོ། །