10527

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལཉྫ
Tibetan Definition <རཉྫ་ནཱ> མདོག་ལྡན་གྱི་སྐད་དོད་རཉྫ་ན་ཟུར་ཆག་པར་བཤད། ལཉྩ་ནཱ་ཞེས་སྨོས་ན་ཅུང་ལེགས་པར་སེམས། དེ་ནི་ཐུ་མིས་དབུ་ཅན་གྱི་དཔེ་མཛད་སའི་རྒྱ་གར་གྱི་ཡི་གེ་ཡིན་པར་མཁས་པ་མང་པོས་བཤད་ཅིང་། བོད་རྒྱ་ཚིག་མཛོད་ཆེན་མོར་ཡང་དེ་ལྟར་གསུངས་མོད། དགེ་འདུན་ཆོས་འཕེལ་གྱིས། དབུ་ཅན་དང་དབུ་མེད་གཉིས་ཐོག་མ་ཞིག་ནས་མཉམ་དུ་མཛད་པ་མིན་པར། དབུ་ཅན་འདི་ཀ་རང་མགྱོགས་པར་བྲིས་པ་ལས་དབུ་མེད་རང་བཞིན་གྱིས་བྱུང་བ་ཡིན་པར་བཤད། ལྕང་སྐྱ་རོལ་པའི་རྡོ་རྗེས་ལཉྩ་ཚངས་པའི་ཡི་གེ་ཡིན་པར་བཤད་དེ། སྒྲ་རིག་གི་སྐོར་གྱི་དག་ཡིག་མཁས་པའི་འབྱུང་གནས་ལས། ཡི་གེའི་གཟུགས་ལ་ཚངས་པའི་ཡི་གེ་ལཉྩ་ན། དེ་དང་ཆ་མཐུན་པ་དྷ་རི། ལཉྩའི་མགོ་གྱེན་དུ་གཟེངས་པ་ན་ག་ར། ལཉྩའི་མགོ་ཐུར་དུ་བཀུག་པ་ཝ་རྟུ་ལ། འདྲ་མིན་ཤས་ཆེ་བ་ཀསྨི་ར། གཽ་ཌ་གའུ་ར། རྒྱ་མཚོ་མཐའི་ཡི་གེ སིནྡྷུ། བྲུ་ཤ། རྒྱ་དང་བོད་ཧོར་ལ་སོགས་པའི་ཡི་གེའི་གཟུགས་རྣམས་སོ། །ཞེས་གསུངས་པ་ལྟར་རོ། །ཀློང་རྡོལ་བླ་མས་ཀྱང་དེ་འདྲ་བར་གསུངས་སོ། །ཡང་། ལཉྩ་ལྷའི་ཡི་གེ་འདྲ་བ་དང་། ཝརྟུལ་ཀླུའི་ཡི་གེ་འདྲ་བ་ཡིན་ཚུལ་རྒྱལ་རབས་གསལ་བའི་མེ་ལོང་དུ་གསལ་ལོ། །འདི་ལ་འབྲི་ཚུལ་མང་དུ་སྣང་སྟེ། ལཉྩ། ལཉྪ། ལཉྫ། ལན་ཚ། ལན་ཛ་བཅས་སོ། །བོད་རྒྱ་ཚིག་མཛོད་ཆེན་མོར་འདི་ལེགས་སྦྱར་ཡིན་པར་བྱས་ཡོད་མོད། འདི་ལེགས་སྦྱར་ཟུར་ཆག་པའི་བོད་ཀྱི་བརྡ་ཆད་ཅིག་ཡིན་གྱི་ལེགས་སྦྱར་ནི་མིན་ནོ། །