10534

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལན་ཚ
Tibetan Definition བཟའ་བཏུང་འདེབས་རྒྱུའི་ཚྭ་ལ་ཟེར། བོད་སྨན་གྱི་རོ་དྲུག་གི་ཡ་གྱལ་ཞིག་སྟེ། ཚྭའི་བྲོ་བ་ལྟ་བུའི་རོའི་མིང་དུ་བཤད། སྤྱིར་བཏང༌། ཚིག་གྲོགས་མེད་པ་ལ་ཝ་ཟུར་དང༌། ཡོད་པ་ལ་ཝ་ཟུར་མེད་པའི་ཕྱག་ལེན་ཡོད་དེ། ངག་སྒྲོན་འགྲེལ་པ་ལས། ཚྭ་ཞེས་ཚིག་གྲོགས་མེད་པའི་རྐྱང་པ་ལ་སྨད་འདོགས་ཡོད་ཅིང༌། རྒྱ་ཚ་ཞེས་པ་ལྟ་བུའི་ཚིག་གྲོགས་སྦྱར་ན་མེད་པར་ཕྱག་ལེན་མཛད་ལ། འོན་ཀྱང་ལན་ཚྭ་ལ་ཡོད་པ་མང་ངོ༌། །ཞེས་གསུངས་སོ། །