10552

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལམ་གྱིས་འཚོ་བ
Tibetan Definition (འདུལ་བ) 1 བང་ཆེན་ནམ། འཕྲིན་སྐྱེལ་བ། ཡི་གེ་སྐྱེལ་མཁན་གྱི་སྦྲག་པའི་དོན་ཡིན་པར་སེམས། ལམ་ལ་བརྟེན་ནས་འཚོ་བའི་གང་ཟག སྡེ་དགེ་བསྟན་འགྱུར་ལུང་ཕྲན་ཚེགས་ཀྱི་འགྲེལ་པ་༼ ཛུ ༽༡༥༣ན༦ ལས། ལམ་ལ་བརྟེན་ནས་འཚོ་བ་གང་ཡིན་པ་དེ་དག་ནི་ལམ་གྱིས་འཚོ་བ་སྟེ། ཚིག་སྐྱེལ་ལ་སོགས་པའོ། །ཞེས་གསུངས་པ་ལྟར་རོ། །2 འཕགས་པའི་གང་ཟག ལུང་ཕྲན་ཚེགས་ཀྱི་འགྲེལ་པ་ལས། ལམ་གྱིས་འཚོ་བ་ནི་འཕགས་པའི་གང་ཟག་བདུན་ཡིན་ནོ། །ལམ་སུམ་འབྱིན་པ་ནི་ཚུལ་ཁྲིམས་འཆལ་བའོ། །ཞེས་གསུངས་སོ། །