10565

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལམ་རིམ་ཁྲིད་ཆེན་བརྒྱད
Tibetan Definition རྗེ་ཙོང་ཁ་པ་ཆེན་པོའི་ལམ་རིམ་ཆེ་འབྲིང་ཆུང་གསུམ། རྒྱལ་དབང་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོའི་ལམ་རིམ་གསེར་ཞུན་མ། དེའི་འགྲེལ་པ་ལྟ་བུར་རྒྱལ་མཆོག་ལྔ་པ་ཆེན་པོའི་ལམ་རིམ་འཇམ་དཔལ་ཞལ་ལུང༌། པཎ་ཆེན་སྐུ་ཕྲེང་དང་པོ་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་བདེ་ལམ། དེའི་འགྲེལ་པ་ལྟ་བུར་པཎ་ཆེན་སྐུ་ཕྲེང་གཉིས་པ་བློ་བཟང་ཡེ་ཤེས་ཀྱི་མྱུར་ལམ་དམར་ཁྲིད། དྭགས་པོ་ངག་དབང་གྲགས་པའི་ལམ་རིམ་ལེགས་གསུང་ཉིང་ཁུ་བསྣན་པས་དེ་བརྒྱད་ལ་ལམ་རིམ་ཁྲིད་ཆེན་བརྒྱད་དུ་གྲགས་སོ། །