10570

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལམ་རིམ་ཆེན་མོའི་རྩ་བའི་ས་བཅད་ཆེན་པོ་བཞི
Tibetan Definition རྗེའི་ལམ་རིམ་ཆེན་མོའི་རྩ་བའི་ས་བཅད་ཆེན་པོ་བཞི་ནི། ༡ མཛད་པ་པོའི་ཆེ་བ། ༢ ཆོས་ཀྱི་ཆེ་བ། དེ་ལ་ཉན་བཤད་བྱ་ཚུལ། སློབ་མ་བཀྲི་བའི་ཚུལ་དང་བཞིའོ། །རྩ་བའི་ས་བཅད་བཞི་པོ་འདིའི་ནང་ལམ་རིམ་ཆེན་མོའི་བརྗོད་བྱ་ཡོངས་རྫོགས་བསྡུས་ཡོད། དེ་ཡང་རྗེའི་ལམ་རིམ་ཆེན་མོ་ལས། དེ་ལྟར་ན་བྱང་ཆུབ་ལམ་གྱི་རིམ་པའི་ཁྲིད་ལ་བཞི། ཆོས་ཁུངས་བཙུན་པར་བསྟན་པའི་ཕྱིར། མཛད་པ་པོའི་ཆེ་བ་བསྟན་པ་དང༌། གདམས་ངག་ལ་གུས་པ་བསྐྱེད་པའི་ཕྱིར། ཆོས་ཀྱི་ཆེ་བ་བསྟན་པ་དང༌། ཆེ་བ་གཉིས་དང་ལྡན་པའི་ཆོས་ལ་ཉན་བཤད་ཇི་ལྟར་བྱ་བ་དང༌། གདམས་པ་དངོས་ཀྱིས་སློབ་མ་ཇི་ལྟར་བཀྲི་བའི་རིམ་པའོ། །ཞེས་གསུངས་པ་ལྟར་རོ། །