10575

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལམ་རིམ་འབྲིང་པོ
Tibetan Definition རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་ལམ་རིམ་འབྲིང་པོར་གྲགས་པ་འདི་ནི། བྱང་ཆུབ་ལམ་རིམ་ཆེན་མོ་མཛད་ནས་ལོ་བཅུ་གསུམ་གྱི་རྗེས་སུ། རྗེ་བླ་མ་དགུང་གྲངས་ང་དགུ་བཞེས་པ་ཤིང་མོ་ལུག་ལ་དབྱར་དགའ་ལྡན་དུ་བཞུགས་རིང་སྔར་གྱི་ལམ་རིམ་ཆེན་མོ་ལས། ལུང་འདྲེན་དང་། དགག་སྒྲུབ་ཀྱི་སྤྲོས་པ་ཕལ་ཆེར་དོར་ནས་གནད་འགག་རྣམས་བསྡུས་ཏེ་མཛད་པའི་ཉམས་སུ་ལེན་པ་ན་ལག་ཏུ་བླང་བདེ་བའི་བསྟན་བཅོས་ཤིག་གོ། འདི་པོད་ <ཕ་པར> བཞུགས་ཤིང་། དེ་ལ་ཤོག་ལྡེབས་ཉིས་བརྒྱ་དང་བཅུ་དགུ།