10576

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལམ་རིམ་སྨོན་ལམ
Tibetan Definition དེར་ནི་རིང་དུ་འབད་ལས་ཚོགས་གཉིས་ནི། །མཁའ་ལྟར་ཡངས་པ་གང་ཞིག་བསགས་པ་དེས། །ཞེས་སོགས་ཀྱི་སྨོན་ལམ་འདི་རྗེ་ཙོང་ཁ་པ་ཆེན་པོས་མཛད། ལམ་རིམ་སྨོན་ལམ་གྱི་འདོན་དབྱངས་འདི་ཡང་མཉམ་མེད་དྭགས་པོ་གྲྭ་ཚང་གི་ཕྱག་བཞེས་ཡིན། ཞེས་༸རྒྱལ་དབང་བསྟན་འཛིན་རྒྱ་མཚོས་༢༠༠༥ལོའི་ལམ་རིམ་ཆེན་མོའི་སྔོན་འགྲོའི་ཆོས་བཤད་སྐབས་གསུངས། འདོན་དབྱངས་འདི་ཡང་ལམ་རིམ་གསོལ་འདེབས་ལམ་མཆོག་སྒོ་འབྱེད་དང་འདྲ་བར། རྒྱལ་བ་དགེ་འདུན་རྒྱ་མཚོས་སྲོལ་བཏོད་པར་སྣང་ངོ་། །དེ་སང་དགེ་ལྡན་པའི་གདན་སའི་ཆོས་སྤྱོད་རབ་གསལ་རྣམས་སུ། ལམ་བཟང་བསྒྲུབ་པའི་མཐུན་རྐྱེན་སྒྲུབ་བྱེད་ཅིང་། །འགལ་རྐྱེན་སེལ་བྱེད་མི་དང་མི་མིན་ཀུན། །ཅེས་འབྱུང་བ་ནི་ཡི་གེ་མ་དག་པ་ཡིན་ཞིང་། དེ་ལྟར་མིན་པར། ལམ་བཟང་བསྒྲིག་པའི་མཐུན་རྐྱེན་སྒྲུབ་བྱེད་ཅིང༌། །འགལ་རྐྱེན་སེལ་བྱེད་མི་དང་མི་མིན་ཀུན། །ཚེ་རབས་ཀུན་ཏུ་རྒྱལ་བས་བསྔགས་པ་ཡི། །རྣམ་དག་ལམ་དང་འབྲལ་བར་མ་གྱུར་ཅིག །ཅེས་བཏོན་དགོས་ཤིང་། ལམ་རིམ་ཆེན་མོའི་མཇུག་ཏུའང་དེ་ལྟར་དུ་སྣང་ངོ་། །འདིའི་སྐབས་ཀྱི་མི་མིན་ཞེས་པ་ཡང་དཀར་ཕྱོགས་སྐྱོང་བའི་སྲུང་མ་གཉན་ཆེན་ཐང་ལྷ་དང་། ཞོགས་ལྷ་རྒྱུག་པོ་སོགས་ལ་གོ་དགོས་པར་བླ་མ་རྣམས་ཀྱི་ཞལ་རྒྱུན་ལ་ཡོད་དོ། །