From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
| ལས་ཀྱི་ས་པ
|
| Tibetan Definition
|
འཛམ་བུ་གླིང་པའི་མིའི་རྟེན་ལ་ལས་ཀྱི་ས་པ་ཟེར། སྒྲ་བཤད་ནི། ཚེ་འདི་ལ་བསགས་པའི་འབྲས་བུ་ཚེ་འདི་ཉིད་ལ་འགྲུབ་པའི་རྟེན་ཡིན་པས་དེ་སྐད་ཅེས་བརྗོད་དོ། །གླིང་གཞན་གསུམ་ནི་ལས་ཀྱི་ས་པ་མིན་པར་གསུངས་སོ། །རྗེའི་རྣམ་གཞག་རིམ་པའི་རྣམ་བཤད་ལ་གཞི་བྱས་ཏེ་བཀོད། ཞེས་བསྐྱེད་རིམ་དངོས་གྲུབ་རྒྱ་མཚོ་༧༧བ༦ལས། གླིང་གསུམ་པོ་དེར་ཚེ་དེ་ཉིད་ལ་བྱས་པའི་ལས་ཀྱི་འབྲས་བུ་ཚེ་དེ་ཉིད་ལ་སྨིན་པར་གསོག་ནུས་པ་མེད་པའི་ཕྱིར་རོ། །ཞེས་གསུངས་པ་ལྟར་རོ། །
|