10616

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལས་འཕྲོ
Tibetan Definition 2 སྐལ་བ། (སྐལ་བ་དང་ལྡན་པ་ཞེས་པའི་སྐལ་བ་དེ་ལ་གོ་དགོས) སྐྱེ་བ་སྔ་མའི་ཆོས་ཀྱི་བག་ཆགས་བཟང་པོའམ། སྐྱེ་བ་སྔོན་མར་ཆོས་ལ་གོམས་འདྲིས་བྱས་པའི་བག་ཆགས་ཀྱི་ནུས་པ་མ་ཉམས་པར་ཡོད་པ། སྔོན་མའི་བག་ཆགས་བཟང་པོ་ཡོད་པའི་རྒྱུ་མཚན་གྱིས་ལས་འཕྲོ་ཅན་གྱི་གང་ཟག་དེས་ཆོས་ལ་བསླབ་ན་ལས་སླ་པོར་ཤེས་ཐུབ། སྐྱེ་བ་སྔ་མར་སྟོང་ཉིད་ལ་བག་ཆགས་ཤས་ཆེར་ཡོད་པའི་གང་ཟག་ཅིག་ཤི་འཕོས་ཏེ་ཚེ་འདིར་སྐྱེས་ཙ་ན། ལས་དང་པོ་བ་དང་འདྲ་བར་གཞི་ནས་བརྩོན་པ་བསྟེན་ཏེ་བསྒོམ་མི་དགོས་པར་སྟོང་ཉིད་ལ་བློ་ཁ་ཕྱོགས་པ་ཙམ་གྱིས་གོ་བ་བདེ་བླག་ཏུ་རྙེད་ཐུབ་པ་ལྟ་བུའོ། །དཔེར་ན་མི་ཞིག་གིས་ཁང་པ་བརྒྱབ་ནས་ཕྱེད་ཙམ་ལ་སླེབས་པ་ན་མཚམས་བཞག་ནས་དགུང་སེང་ལ་ཕྱིན་ནས་ཚུར་འཁོར་བ་ན། ཁང་པ་གཞི་ནས་བརྩིག་མི་དགོས་པར་སྔ་མའི་བརྩིགས་འཕྲོ་དེ་རང་ནས་འགོ་འཛུགས་ཆོག་པ་དང་འདྲ་བ་ཡིན་ནོ། །འདི་ལ་ལོ་རྒྱུས་སྙན་པོ་ཞིག་ཡོད་པ་འདི་ལྟར། དཔེ་ཆོས་རིན་ཆེན་སྤུངས་པའི་འབུམ་འགྲེལ་༣༣༢ལས། སྐུ་མཐོང་ཤིབ། (ཤིབ་ནི་ཤུབ་བུར་སྨྲ་བའི་དོན་ཡིན) ཅེས་པ་ནི། འོ་སྐོལ་ལ་མངོན་ཤེས་ལྔ་ཀ་མེད་ཀྱང༌། སྐྱེ་བ་དྲན་པ་གཅིག་པུ་ཡོད་ཀྱང་དངོས་གྲུབ་ཚེགས་མེད་དུ་ཐོབ་སྟེ། རྒྱ་གར་དུ་དགེ་སློང་གཅིག་གིས་མཆོད་ཁང་ཅིག་ཞིགན་ཐང་སྐུ་མང་པོ་བཀྲམ་འདུག་པ་ལ། གཡས་ཕྱོགས་ནས་བཟུང་ནས་རིམ་གྱིས་བལྟས་པས། དེ་ལ་དཔལ་གཤིན་རྗེ་གཤེད་ཀྱི་ཐང་སྐུ་ཅིག་ཞིགའདུག་པ་མཐོང་བས་དེ་ཉིད་སྐྱེ་བ་སྔ་མའི་ཡི་དམ་གྱི་ལྷ་ཡིན་པ་དྲན་ནས། དེ་ཀ་ལ་ནགས་གསེབ་ཏུ་བསྒྲུབ་ཏུ་ཕྱིན་པས། དངོས་གྲུབ་མོད་ལ་ཐོབ་སྐད། ཡང་དགེ་ཚུལ་ཅིགཞིག མཁན་སློབ་ལ་ཞུས་པའི་པོ་ཏི་ཅིག་ཞིགརྒྱུན་དུ་ཀློག་ཀིན་ཡོད་པ་ལ། དུས་གཅིག་གི་ཚེ། ནགས་གསེབ་ནས་རྣལ་འབྱོར་པ་ཅིག་ཞིགབྱོན་ནས། ཁྱེད་ཀྱི་སྐྱེ་བ་སྔ་མའི་ལས་འཕྲོ་ནི་དེ་མ་ཡིན། སྒོམ་འཕྲོ་ནི་དེ་མ་ཡིན་ཏེ། འདི་ཡིན་ནོ་ཞེས་རྣ་བར་ཤིབ་པ་ཅིག་ཞིགབྱས་པས། དགེ་ཚུལ་དེ་སྔར་གྱི་སྐྱེ་བ་དྲན་ནས། པོ་ཏི་དེའི་སྐུ་ཆིངས་ཀྱང་མ་བསྡམས་པར། འཇིག་རྟེན་གྱི་རྟོག་པ་ཐམས་ཅད་རྒྱུན་བཅད་ནས། ནགས་སུ་ཕྱིན་ནས་བསྒོམས་པས་ཐར་པ་ཚེགས་མེད་དུ་ཐོབ་སྐད། ཡང་སྔོན་རྒྱལ་བློན་མང་པོ་ཅིག་ཞིགམདུན་མ་བྱེད་ཅིང་ཡོད་ཙ་ན། རྣལ་འབྱོར་པ་ཅིག་ཞིགབྱོན་ནས། རྒྱལ་པོ་ལ་ཁྱོད་ཀྱི་སྐྱེ་བ་སྔ་མའི་ལས་འཕྲོ་ནི་འདི་ཡིན་ཞེས། ལས་འཕྲོའི་ཆོས་དེའི་མཚན་རྣ་བར་ཤིབ་པ་ཅིག་ཞིགབྱས་པས། རྒྱལ་པོ་དེ་ཉིད་དུ་སྐྱེ་བ་དྲན་ནས། དེ་ཀ་ལྟར་ནགས་གསེབ་ཏུ་བསྒོམ་དུ་གཤེགས་པས་དངོས་གྲུབ་ཚེགས་མེད་དུ་ཐོབ་སྐད། ཞེས་སོགས་གསུངས་པ་ལྟར་རོ། །གཞུང་འདི་དང་དེབ་སྔོན་སོགས་སྔོན་གྱི་ཚད་ལྡན་གྱི་གཞུང་མང་པོར། མཐའ་མེད་ཀྱི་མཐར་ཚིག་འཕྲད་ “ཞིག” ཚབ་ཏུ་ “ཅིག” སྦྱར་བ་འདི་ནོར་བ་མིན་པར་བརྗོད་བདེ་འདྲེན་པའི་ཕྱིར་དམིགས་བསལ་ཡིན་པར་སེམས་སོ། །