From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
| ལས་རྒྱལ་ཆོག
|
| Tibetan Definition
|
1 དཀྱིལ་འཁོར་གྱི་ལྷ་ཡིས་རྫས་སྔགས་འཁྲུལ་འཁོར་སོགས་ལ་བརྟེན་ནས་ཞི་སོགས་ཀྱི་ལས་རབ་འབྱམས་འགྲུབ་པར་མཛད་པ་ལ་ཟེར། རྗེ་བདག་ཉིད་ཆེན་པོའི་གསང་འདུས་སྨོན་ལམ་ལས། དེས་ནི་རྫས་སྔགས་འཁྲུལ་འཁོར་བསམ་གཏན་ལ། །བརྟེན་ནས་གྲུབ་པ་ཆེན་པོ་བརྒྱད་དང་ནི། །ཞི་སོགས་རབ་འབྱམས་ལས་ཀུན་འགྲུབ་པ་ཡིས། །ལས་ཀྱི་རྒྱལ་པོ་མཆོག་ནི་འགྲུབ་པར་ཤོག །ཅེས་གསུངས་པ་ལྟར་རོ། །སྔགས་རིམ་ཆེན་མོར་ཡང་དེ་བཞིན་དུ་གསུངས། གསང་འདུས་བསྐྱེད་རིམ་གྱི་དེ་ཉིད་ཞེ་དགུའི་ནང་ནས། ༣༨ སྟེང་སྒོར་ཕྱག་མཚན་བསྒོམ་པའི་དེ་ཉིད། ༣༩ འོག་སྒོར་ཐིག་ལེ་ཕྲ་མོ་བསྒོམ་པའི་དེ་ཉིད། ༤༠ ཡིད་བཟླས་ཀྱི་དེ་ཉིད། ༤༡ ངག་བཟླས་ཀྱི་དེ་ཉིད། ༤༢ གཙོ་བོ་འོད་གསལ་དུ་ཞུགས་པའི་དེ་ཉིད། ༤༣ འོད་གསལ་ལས་ལྡང་བའི་དེ་ཉིད། ༤༤ མཆོད་བསྟོད་ཀྱི་དེ་ཉིད། ༤༥ ཉེ་བར་བསྡུ་བའི་དེ་ཉིད། ༤༦ ཁ་ཟས་ཀྱི་དེ་ཉིད། ༤༧ ལུས་བརྟས་པར་བྱེད་པའི་དེ་ཉིད། ༤༨ དངོས་གྲུབ་ཆུང་ངུ་ཞི་རྒྱས་དབང་དྲག་གི་ལས་བཞི་སྒྲུབ་པའི་དེ་ཉིད་དང་དེ་ཉིད་ཞེ་དགུ་དང་བཅས་ཀྱི་དེ་ཉིད་བཅུ་གཉིས་ནི་ལས་རྒྱལ་མཆོག་གི་ཏིང་ངེ་འཛིན་ནོ། །
|