From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
| ལཱུ་ཡི་པ
|
| Tibetan Definition
|
(ལེགས་སྦྱར) རྒྱ་གར་གྱི་གྲུབ་ཐོབ་ལཱུ་ཡི་པ། བོད་སྐད་དུ་ཉ་ལྟོ་པ། འདི་ལ་ལཱུ་ཡི་པ་ཞེས་པ་དང༌། ཁ་ཅིག་གིས། ལཱུ་ཨི་པ་ཞེས་ཟེར། ཁ་ཅིག་གིས། ལཱུ་ཧི་པ་ཞེས་ཟེར་ཀྱང༌། ལཱུ་ཡི་པ་ཉིད་དག་པ་ཡིན་སྐོར་དེབ་སྔོན་དུ་གསལ། གྲུབ་ཆེན་དེ་ཉིད་ནི་དཔལ་འཁོར་བདེ་མཆོག་གི་ཐོག་མའི་ཤིང་རྟའི་སྲོལ་འབྱེད་ཡིན་ཞིང༌། སློབ་དཔོན་ཐོགས་མེད་ཞབས་དང་བོད་ཀྱི་རྒྱལ་པོ་ལྷ་ཐོ་ཐོ་རི་གཉན་བཙན་དང་ཕལ་ཆེར་དུས་མཚུངས་པ་ཙམ་ལ་བྱོན། འདི་ཨོ་རྒྱན་གྱི་རྒྱལ་པོའི་ཡིག་མཁན་ཡིན་ལ་མཚན་ཀུན་ཏུ་དགེ་བར་གྲགས། དང་པོའི་བླ་མ་གྲུབ་ཐོབ་ཤ་བ་རི་པ་ཡིན་ཞིང༌། རྒྱ་གར་ཤར་ཕྱོགས་བྷངྒ་ལར་ཉའི་རྒྱུ་ལྟོ་གསོལ་ཞིང་སྒྲུབ་པ་མཛད་པས་རྒྱ་གར་དུ་ལཱུ་ཡི་པ། བོད་སྐད་དུ་ཉ་ལྟོ་པར་གྲགས། གྲུབ་པ་བརྙེས་ནས་ཡུལ་ཨོ་ཌི་བི་ཤའི་རྒྱལ་པོ་དང་བློན་པོ་རྫུ་འཕྲུལ་གྱིས་བཏུལ། ཕྱིས་རྒྱལ་པོས་གྲུབ་པ་ཐོབ་པ་དཱ་རི་ཀ་པ་སྟེ་འཁོར་ཁྲི་དྲུག་སྟོང་དང་བཅས་པ་ལ་འཇའ་ལུས་ཐོབ། བློན་པོ་གྲུབ་པ་ཐོབ་པ་ནི་ཌིངྒི་པ་སྟེ་འཁོར་ལྔ་བརྒྱ་དང་བཅས་པ་འཇའ་ལུས་བརྙེས་སོ། །སློབ་དཔོན་འདིས་རྣལ་འབྱོར་མ་ཀུན་སྤྱོད་ཀྱི་རྒྱུད་སོགས་སྤྱན་དྲངས་ཤིང་འཁོར་ལོ་སྡོམ་པའི་མངོན་རྟོགས་ཀྱི་གཞུང་མཛད། དེ་ལ་ལྭ་བ་པས་འགྲེལ་པ་མཛད། རྒྱ་གར་ཐམས་ཅད་དུ་ཤིན་ཏུ་དར་ཞིང་འཁོར་ལོ་སྡོམ་པའི་ཆོས་ཚུལ་གྱི་ཆུ་འགོ་ལྟ་བུར་གྲགས་སོ། །
|